ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་དང་མོང་གོལ་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པས་མཉམ་དུ་སྒྲིག་འཛུགས་བྱས་པའི་2024ལོའི“རྒྱུད་གཅིག་ལམ་གཅིག་གི་འོད་ཟེར་བྱ་སྤྱོད”ཅེས་པའི་མོང་གོལ་རྒྱལ་ཁབ་ཀྱི་བྱ་སྤྱོད་ནང་སོག་ཨར་ལེན་ཧའོ་ཐེ་གྲོང་ཁྱེར་དུ་སྤེལ་ཞིང་། མོང་གོལ་རྒྱལ་ཁབ་ནས་ཡོང་བའི་སྐྱ་འགྲིབ་ཕོག་པའི་ནད་པ་114ལ་ཨར་ལེན་ཧའོ་ཐེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་རིན་མི་དགོས་པར་གཤགས་བཅོས་བྱས་པ་རེད། འདི་ནི་ཨར་ལེན་ཧའོ་ཐེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་པས(གཡས་ཀྱི་དང་པོ)ནད་པར་གཤགས་བཅོས་མ་བྱས་གོང་གི་ངེས་ཤེས་ཁག་ངོ་སྤྲོད་བྱེད་པ་དང་ཨར་ལེན་ཧའོ་ཐེ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་དང་བླངས་པས(གཡོན་གྱི་དང་པོ)སྐད་སྒྱུར་བྱེད་བཞིན་པ།