《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月10日

ཐན་ཡུས་ཅའོ་རྒྱལ་སྤྱིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ།

ཟླ་9ཚེས་6ཉིན། རྒྱལ་སྤྱིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་པའི་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་དྲུག་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་དབང་སྐྱོན་ལྗིད་འདེགས་ལུས་རྩལ་པ་ཐེན་ཡུས་ཅའོ་མིང་གྲལ་དུ་ཚུད་ཡོད། དེ་ནི་ཀྲུང་གོའི་ལུས་རྩལ་པས་གོ་གནས་དེ་ཁུར་ཐེངས་དང་པོ་ཡིན་པ་རེད།

འདི་ནི་ཀྲུང་གོའི་བདམས་ཐོན་པ་ཐན་ཡུས་ཅའོ་ཡིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ལྗིད་འདེགས་རྣམ་གྲངས་ཀྱི་བུད་མེད་ཀྱི་སྤྱི་རྒྱ་67རིམ་པའི་མཐའ་བསྡུར་མཇུག་འགྲིལ་རྗེས་ལྟད་མོ་བར་ལག་པ་གཡུག་གཡུག་བྱེད་བཞིན་པ།