ཉིན་ཤས་གོང་། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་800ཡི་T54རིམ་པའི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཅིན་ཧྭ་ཡིས་སྐར་མ་1དང་སྐར་ཆ་28.20ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་བཏོད་པ་མ་ཟད། ཀྲུང་གོའི་བདམས་ཐོན་པ་ཏའེ་ཡུན་ཆང་ལ་ཨང་གཉིས་པ་རག་པ་རེད།
ཟླ་9ཚེས་5ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཅིན་ཧྭ(དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཏའེ་ཡུན་ཆང(གཡོན) ཨང་གསུམ་པ་ཐོབ་མཁན་སུའེ་ཙེར་གྱི་བདམས་ཐོན་པ་མཱ་སེར·ཧ་ཀེ་བཅས་ཀྱིས་བྱ་དགའ་སྤྲོད་པའི་མཛད་སྒོར་དྲན་རྟེན་མཉམ་པར་རྒྱག་བཞིན་པ།