《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ནས་སོན་གསར་པ་ཞིབ་བཤེར་རྩིས་ལེན་བྱས་པ།

འདི་ནི་ཞིབ་བཤེར་རྩིས་ལེན་མི་སྣས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལྟ་ཞིབ་བྱེད་བཞིན་པ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་ཕུ་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་2024ལོའི་ཤང་ཡོངས་ཀྱི་ཞིང་ལས་ཞིབ་བཤེར་ཆེན་པོ་དང“བོད་ནས་ཨང་23”ནས་སོན་གསར་པའི་ཚོད་ལྟའི་ཞིང་ཁ་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ད་ཐེངས་ཀྱི་ཞིབ་བཤེར་ཆེན་པོར་རྨོ་ཞིང་གི་སྤུས་ཚད་དང་། ཆུ་བེད་སྒྲིག་ཆས་འཁོར་སྐྱོད། ཞིང་ལས་ལོ་ཏོག་སྐྱེ་འཚར། ཞིང་ནང་གཡོག་བྱེད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་ཚུད་ཡོད།