ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་དྲ་མིག་ལས་དོན་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སྒྲིག་འཛུགས་བྱས་ནས“རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག བདེ་འཇགས་རྒྱུན་དུ་དོ་སྣང་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། གྲོང་མིའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་དོན་རྐྱེན་མ་ཐོན་སྔོན་འགོག་གང་ཐུབ་བྱས་པ་རེད། འདི་ནི་ལས་དོན་པས་གློག་སྒུལ་སྦག་སྦག་གཏོང་མཁན་ལ་རྨོག་ཞྭ་གྱོན་དགོས་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ནས་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་ཡི་གེ་སྤྲོད་བཞིན་པ།