《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ཆུ་ཤུར་རྫོང་ཟས་ཕུ་གྲོང་ཚོས།

མི་ཕྱུགས་ལོགས་དབྱེར་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆུ་ཤུར་རྫོང་ཟས་ཕུ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་གྲོང་མི་དང་སྤེལ་རེས་གཏིང་ཟབ་བྱས་ནས་མི་ཕྱུགས་ལོགས་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

ལས་དོན་དེ་བདེ་བླག་ངང་སྤེལ་ཆེད། ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ། གྲོང་མིར་མི་ཕྱུགས་ལོགས་དབྱེའི་བརྒྱུད་རིམ་ནང་འཕྲད་པའི་གནད་དོན་ཏེ། དཔེར་ན། བ་ཚང་རྒྱག་པ་དང་གསོ་ཚགས་ས་ཁོངས་འཆར་འགོད་སོགས་ཀྱི་དཀའ་གནད་ནན་ཏན་ངང་ཉན་པ་དང་འབྲེལ། ཟིན་ཐོ་ཞིབ་ཕྲ་བཀོད་དེ་རྗེས་མཐུད་དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། ད་ཐེངས་ཀྱི་གྲལ་བཤེར་ལས་དོན་སྤེལ་བ་ལས་ཟས་ཕུ་གྲོང་ཚོས་གོ་རིམ་ལྡན་པའི་ངང་མི་ཕྱུགས་ལོགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ནས་གྲོང་མི་ཚོས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་པར་བྱས་པ་མ་ཟད། རྗེས་མཐུད་ལས་དོན་གནད་སྨིན་ངང་སྤེལ་བར་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན། ཆུ་ཤུར་རྫོང་གིས་མི་ཕྱུགས་ལོགས་དབྱེའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཟས་ཕུ་གྲོང་ཚོས་གོང་རིམ་སྡེ་ཚན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ལས་ཀའི་བླང་བྱ་རྒྱུན་མཐུད་ངང་དོན་འཁྱོལ་གཏིང་ཟབ་བྱས་ཡོད།