འབྲས་ནི་བསིལ་གྲིབ་དང་། རླུང་འགྲོ་ཡག་པོ། ཅུང་སྐམ་ཤས་ཆེ་བའི་ཁོར་ཡུག་ཏུ་ཉར་ཚགས་བྱེད་དགོས་མོད། འོན་ཀྱང་ཁྱིམ་ཚང་ནང་དྲོད་ཚད་དང་བརླན་ཚད་སོགས་ཀྱི་ཆ་རྐྱེན་ཚོད་འཛིན་བྱེད་དཀའ་བས། གཤམ་གསལ་གྱི་དོན་གནད་འགར་དོ་སྣང་བྱ་དགོས་པ་སྟེ།
དང་པོ། འབྲས་ཐབ་ཚང་ནང་ཡུན་རིང་འཇོག་མི་རུང་། རྒྱུ་ཚན་ནི་ཐབ་ཚང་གི་དྲོད་ཚད་དང་བརླན་ཚད་ཅུང་མཐོ་བས་འབྲས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད།
གཉིས་པ། འབྲས་ཉ་རིགས་དང་། ཤ། དེ་བཞིན་སྔོ་ཚལ་སོགས་བརླན་བཤེར་ཆེ་བའི་ཟས་རིགས་དང་མཉམ་དུ་ཉར་ཚགས་བྱེད་མི་རུང་།
གསུམ་པ། འབྲས་ཉར་ཚགས་ཀྱི་དུས་ཡུན་རིང་མི་རུང་། དེ་ལྟར་བྱས་ཚེ་འབྲས་ཀྱི་འཚོ་བཅུད་ལ་སྐྱོན་རྒྱག་སྲིད།