《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཟམ་མི་ཆད་པར་བྱས་པ་དང“སྡེ་ཁུལ་གྱི་ཏང་ཨུད་དང་། མཉམ་ལས་ཁང་། ས་གྲོལ་དཔལ་འབྱོར་བཅས་ཟུང་འབྲེལ”གྱི་འཕེལ་རྒྱས་རྣམ་པ་སྤྱད་དེ་འཕྱོངས་འགོ་ན་ཤོངས་འབྲོག་ལས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་གཞི་རྟེན་དུ་བྱས་ནས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབབ་འཕར་ཐོན་འཕར་ལ་མཉམ་དུ་སྐུལ་འདེད་བཏང་ཐོག་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས་འཕྱོངས་རྒྱས་འཕྱོངས་འགོ་ན་ཤོངས་འབྲོག་ལས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ“བུད་མེད་ཤེས་དཔལ་ལས་གནས”ཀྱི་སྒོ་བྱང་སྤྲོད་བཞིན་པ།