《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月06日

ལེའོ་ཉིང་ཧྲེན་དབྱང་དུ་ཀྲུང་གོ་རྒྱལ་སྤྱིའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

ཉེ་ཆར། དུས་ཡུན་ཉིན་བཞི་རིང་གི་2024ལོའི་ཀྲུང་གོ་རྒྱལ་སྤྱིའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་སྐབས་ཉེར་གཉིས་པ་དང་ཧྲེན་དབྱང་གྲོང་ཁྱེར་བཟོ་སྐྲུན་ལས་རིགས་ཀྱི་དཔལ་འབྱོར་ཚོང་དོན་བྱེད་སྒོའི་གཟའ་འཁོར་ཧྲེན་དབྱང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། སྐབས་འདིའི་ཀྲུང་གོ་བཟོ་སྐྲུན་དངོས་མང་སྟོན་ཚོགས་ཐོག་སྒྲིག་ཆས་རྩེ་གྲ་དང་། ལྕགས་རིགས་དབྱིབས་གྲུབ་སྒྲིག་ཆས། ལྕགས་རིགས་གཏུབ་གཞོག་སྒྲིག་ཆས། རྨང་གཞིའི་ལྷུ་ལག་དང་ཀུན་སྤྱོད་སྒྲིག་ཆས། བཟོ་ལས་རང་འགུལ་ཅན་དང་འཕྲུལ་མི། བཟོ་ལས་དྲ་སྦྲེལ། འབྱུང་འགྱུར་ཐོན་ལས། འདུས་གྲུབ་གློག་ལམ་བཅས་དང་དེ་བཞིན་སྒྲིག་ཆས་ཆེ་གྲས་དང་ཀུན་སྤྱོད་འཕྲུལ་ཆས་སོགས་གཙོ་གནད་དུ་འགྲེམས་སྟོན་བྱས་པ་རེད། འདི་ནི་ཀྲུང་གོ་རྒྱལ་སྤྱིའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་སུ་ལྟད་མོ་བས་ལྟ་སྐོར་བྱེད་བཞིན་པ།