《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月04日

↑ ཉེ་ཆར། རང་ལྗོངས་ཀྱི་ལག་བརྡ་ཀོག་ཧྥེ་ཁང་དང་པོ་སྟེ། ལྷ་ས་དབང་པོ་སྐྱོན་ཅན་གསོ་སྦྱོང་+དངོས་སྦྱོང་+ལས་ཞུགས་ཀྱི་རྣམ་གྲངས་སྐྱོང་སྤེལ་ས་ཚིགས“སྙིང་སྡུག་ལག་བརྡ་ཀོག་ཧྥེ་ཁང”དེ་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་འཁྲིས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད། སྙིང་སྡུག་ལག་བརྡ་ཀོག་ཧྥེ་ཁང་གིས་སྲིད་གཞུང་དང་ཁེ་ལས་ཤུགས་སྒྲིལ་མཉམ་ལས་བྱས་པ་བརྒྱུད། གསར་གཏོད་རང་བཞིན་གྱི་སྒོ་ནས་སྤྱི་ཕན་དང་ཚོང་ལས་ཟུང་སྦྲེལ་གྱི་དབང་སྐྱོར་བྱ་ཐབས་སྤྱད་དེ། ལྷ་ས་གྲོང་ཁྱེར་གྱི་རྣ་ཤེས་ཞན་པའི་མི་སྣར་ལས་ཞུགས་ལས་གནས་དང་གསོ་སྦྱོང་དངོས་སྦྱོང་གི་ལས་སྟེགས་སྤུས་ལེགས་ཧུར་ཐག་བསྐྲུན་ནས། ཁོང་ཚོས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་དང་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པར་རམ་འདེགས་ནུས་ལྡན་བྱས་ཤིང་། འདི་ནི་རྣ་ཤེས་ཞན་པའི་དབང་པོ་སྐྱོན་ཅན་ཚེ་བརྟན་བདེ་སྐྱིད(གཡས)ཀྱིས་སྙིང་སྡུག་ཀོག་ཧྥེ་ཁང་དུ་ཀོག་ཧྥེ་བཟོ་སྟངས་སྦྱོང་བཞིན་པ།