《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月04日

གཞིས་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས།

ལས་བཟོའི་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་ནས་སྤྱོད་གཙང་སློབ་གསོ་ཁྱབ་གདལ་བཏང་བ།

འདི་ནི་གཞིས་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཁྱིམ་ཚང་འཚམས་འདྲི་ཚོགས་ཆུང་གི་ལས་དོན་པ་ལས་བཟོའི་ཁྱིམ་དུ་བསྐྱོད་ནས་ནང་མི་དང་བཞུགས་མོལ་བྱེད་བཞིན་པ། འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ལས་བཟོའི་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་ནས་སྤྱོད་གཙང་སློབ་གསོ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས། སྤྱོད་གཙང་སློབ་གསོ་ལས་བཟོའི་ཁྱིམ་ཚང་གི་རྒྱུན་གཏན་འཚོ་བར་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱིམ་དུ་བསྐྱོད་དེ་ལས་བྱེད་ལས་བཟོ་དང་དེ་བཞིན་ཁོང་ཚོའི་ནང་མི་དང་ལས་ཀ་དང་། སློབ་སྦྱོང་། ཁྱིམ་ཚང་གི་དོན་དག་སྐོར་གླེང་བའི་བྱ་ཐབས་ཐོག་ནས་ལས་བཟོའི་ནང་མིར་སྤྱོད་གཙང་སློབ་གསོའི་འཚམས་འདྲིའི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ལས་བྱེད་ལས་བཟོའི་ལས་ཀའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ནང་མིས་དུས་ཡུན་རིང་པོའི་ནང་རྡོ་ཐའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། དེ་དང་ཆབས་ཅིག་ལས་བྱེད་ལས་བཟོའི“ཆུ་ཚོད་བརྒྱད་ཕུད་པའི”འཚོ་བའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། བསམ་ཚུལ་དང་དགའ་ཕྱོགས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་སྦྲགས། ནང་མིའི་བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་པ་རེད། འཚམས་འདྲི་དང་ལེན་བྱེད་མཁན་ནང་མིས། ད་ཐེངས་ཀྱི་ཁྱིམ་ཚང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད་སྤྱོད་གཙང་གི་རྣམ་པ་བཟང་དུ་ཕྱིན་ཡོད་ལ། ཀུང་སིས་ལས་བྱེད་པ་དང་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་ལུགས་ཀྱང་མཚོན་ཡོད། སླད་ཕྱིན་སྔར་རྒྱུན་བཞིན་ཀུང་སིའི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱས་ནས“སྤྱོད་གཙང་ནང་རོགས”ཡག་པོ་བྱེད་པ་དང་། “ཁྱིམ་སྒོ”ཡག་པོ་སྲུང་བ། “ཁང་རྒྱབ”ཡག་པོ་སྲུང་བ་བཅས་བྱས་ཏེ། རུལ་རྒོལ་གཙང་སྤེལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཉམ་དུ་བསྐྲུན་གྱི་ཡིན་ཞེས་བཤད་པ་རེད། འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གོ་གནས་མ་སྤར་གོང་གི་ཁྱིམ་ཚང་འཚམས་འདྲི་དང་སྤྱོད་གཙང་ཁྱིམ་སྲོལ་གྱི་འཚམས་འདྲི་ཟུང་འབྲེལ་བྱས་ཏེ་ཁྱིམ་ཚང་གིས་སྤྱོད་གཙང་ལ་རོགས་རམ་དང་། ཉེན་བརྡ་གཏོང་བ། སློབ་གསོ་བཅས་ཀྱི་དྲང་ཕྱོགས་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་བཏོན་ནས་སྤྱོད་གཙང་གི་ཁྱིམ་སྲོལ་གསོ་སྐྱོང་བྱས་ཏེ་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་གྱི་ཡིན་ཞེས་བཤད་པ་རེད། (པ་ཚེས་བསྒྱུར། པ་ཚེ་དང་ཚེ་ཁོས་ཞུས)