པར①ནི་ཧྲའན་ཤིས་བོད་སྐྱོར་གྱིས་རོགས་སྐྲུན་བྱས་པའི་ཁམས་བདེ་སྡོད་ཁང་གསར་པ་ཡིན་པ།
པར②2012ལོའི་ཟླ་10པར་ཧྲའན་ཤིས་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་སྟེ། སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་སྡོད་ཁང་གསར་པ་འཛུགས་སྐྲུན་ལས་མཇུག་འགྲིལ་བ་དང་། འདི་ནི་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོར་མང་ཚོགས་ཚོས་དགའ་སྤྲོའི་ཞབས་བྲོ་འཁྲབ་བཞིན་པ།
པར③ནི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་དང་སྤུ་ཧྲེང་རྫོང་གི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་ཀུའོ་ཅུས་ལེའང(གཡོན་གྱི་དང་པོ)གིས་སྤུ་ཧྲེང་གྲོང་རྡལ་སྐྱིད་ཐང་གྲོང་མི་ཨུ་ལྷན་རྒྱས་ཤིང་ཚོགས་ཆུང་གི་མང་ཚོགས་ལ་ཡལ་གཅོད་རྒྱག་སྟངས་སློབ་བཞིན་པ།
པར④ནི་1995ལོར་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དང་པོའི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པས་ཇུས་འགོད་དང་ལྟ་འདོམས་བྱས་པའི་མངའ་རིས་ཀྱི་སྣུམ་ནག་ལམ་དང་པོ་ཧྲའན་ཤིས་ལམ་ཡིན་པ།
པར⑤ནི་ཧྲའན་ཤིས་བོད་སྐྱོར་གྱིས་རོགས་སྐྲུན་བྱས་པའི་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་ཡིན་པ།
པར⑥ནི་ཧྲའན་ཤིས་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རུ་ཁག་གི་རོཌ་རམ་འོག་2016ལོའི་ཟླ་12པར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་བདེ་བླག་ངང་གཏོད་པ་དང་། མིག་སྔར་སྨན་ཁང་དེས“ཀ་པ་རིམ་པ་གསུམ་པ”འཛུགས་གཏོད་ལས་དོན་སྤེལ་བཞིན་ཡོད་པ་རེད།