《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月02日

ཀྲུང་གོའི་བདམས་ཐོན་པས་གསེར་དང་དངུལ་གྱི་རྟགས་མ་བླངས་པ།

ཟླ་8ཚེས་30ཉིན། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་སྨི་100ཡི་T35རིམ་པའི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀྲོའུ་ཞ་ཡིས་སྐར་ཆ་13.58ཀྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་དང་ཀྲུང་གོའི་བདམས་ཐོན་པ་ཀུའོ་ཆན་ཆན་གྱིས་སྐར་ཆ་13.74ཡི་གྲུབ་འབྲས་ཐོག་ནས་དངུལ་གྱི་རྟགས་མ་བླངས་པ་རེད། འདི་ནི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཀྲོའུ་ཞ(གཡོན)དང་ཨང་གཉིས་པ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཀུའོ་ཆན་ཆན(དཀྱིལ)གྱིས་འགྲན་བསྡུར་མཇུག་འགྲིལ་རྗེས་རྟེན་འབྲེལ་ཞུ་བཞིན་པ།