ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་འགག་རྩའི་ཚིག
★ཕྱོགས་ཡོངས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ལ་བལྟས་ན། 【སྒྱུར་བཅོས】ཞེས་པའི་ཚིག་འདི་ཐེངས་50ལྷག་ཙམ་ཐོན་ཡོད།
★བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ【སྐུལ་མ་དང་། རྒྱབ་སྐྱོར། ཁྲིད་སྟོན】བཅས་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་དང་། གཞུང་དྲང་ངང་ཁྲོམ་རའི་འགྲན་རྩོད་ལ་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཐོབ་པ་བཅས་ལ་འགན་ལེན་བྱེད་པ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
★ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྟན་དོན། 【ཡུལ་བབ་དང་བསྟུན་ནས】ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་དང【གྲངས་འཛིན་དཔལ་འབྱོར】མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
★སློབ་གསོ་དང་། 【ཚན་རྩལ།】ཤེས་ལྡན་པ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་རེད།
★ན་གཞོན་གསར་གཏོད་ཤེས་ལྡན་པ【ཤེས་རྟོགས་དང་། འདེམས་སྒྲུག གསོ་སྐྱོང】བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ན་གཞོན་ཚན་རྩལ་པའི་ཐོབ་ཐང་དེ་བས་ལེགས་པའི་སྒོ་ནས་འགན་སྲུང་བྱེད་དགོས། ཚན་ཞིབ་པས་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་ལ་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
★ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྟན་དོན། 【ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམས་སྒྲིག་དང་ནུས་ལྡན་གྱི་སྲིད་གཞུང་གི་བཅོས་སྐྱོང】ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ལེགས་ཆ་འདོན་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད།
★དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་དངུལ་ཁང་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ཤར་གཏོང་བྱེད་དགོས། 【ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་གཞིའི་དངུལ་རྩ】བཅས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་སྤུས་ལེགས་དངུལ་རྩའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་དགོས།
★【གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ】ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་བླང་བྱ་ཞིག་རེད།
★【ཐོན་ལས་རིམ་སྤོར་དང་། མི་འབོར་གཅིག་སྡུད། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས】བཅས་དགེ་མཚན་ལྡན་པའི་མཉམ་འགུལ་ལམ་སྲོལ་འཛུགས་དགོས།
★【མི་དམངས】ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་འཆར་འགོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་ཞིབ་གཉེར་ལེགས་བསྡུས་ཀྱི་རྣམ་པར་སྐུལ་ཁྲིད་བྱེད་དགོས།