《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月30日

ཉེན་འགོག་ཉེན་གཡོལ་སྐོར་གྱི་བདེ་འཇགས་ཕྱོགས་སྟོན།

ས་ཡོམ་རྒྱག་སྐབས་ཐག་ཉེ་སར་གཡོལ་བ་དང་ས་ཡོམ་རྒྱག་མཚམས་ཆད་རྗེས་མགྱོགས་མྱུར་ཕྱིར་དོན་དགོས།

ས་ཡོམ་རྒྱག་སྐབས་ཁང་པའི་ནང་ཡོད་ཚེ། འཕྲལ་མར་སྒྲོག་ཙེ་སོགས་ཀྱི་འོག་ཏུ་གབ་པ་དང་ཕོ་ཁེབས་དང་སྔས་མགོ་སོགས་ཀྱིས་མགོ་ལ་སྲུང་སྐྱོབ་བྱེད་དགོས།

ས་ཡོམ་རྒྱག་སྐབས་ཕྱི་ལོགས་སུ་ཡོད་ཚེ། འཛུགས་སྐྲུན་དངོས་པོ་དང་། གློག་སྐུད། བརྡ་ཁྱབ་བྱང་བུ། རི་བོ་སོགས་དང་བར་ཐག་རིང་ཙམ་བྱེད་པ་དང་མྱུར་དུ་ས་ཆ་གུ་ཡངས་སར་བྲོས་དགོས།

མེ་སྐྱོན་ཐོན་སྐབས་གལ་སྲིད་མེ་ཁུངས་རྙེད་པ་མ་ཟད་མེ་ཆེན་པོ་མེད་ཚེ། མེ་གསོད་འཕྲུལ་ཆས་དང་མེ་ཁེབས་སོགས་སྤྱད་ནས་མེ་དུས་ཐོག་ཏུ་གསོད་དགོས།

མེ་སྐྱོན་ཐོན་སྐབས་མགྱོགས་མྱུར་ཕྱིར་དོན་དགོས། གློག་སྐས་ལ་མི་སྡོད་པ་དང་རྒྱུ་ནོར་ལ་མི་རྔམས་པར“བདེ་འཇགས་ཐོན་སྒོ”ནས་མགྱོགས་མྱུར་ཐོན་དགོས། གལ་སྲིད་ཁང་པ་མཐོ་པོ་མེད་ན། ཐག་པ(ཡང་ན་ཤེལ་ཡོལ་སོགས་མཐུད་རྒྱག་པར)འཁྱུད་ནས་ཉེན་གཡོལ་བྱས་ཆོག

མེ་སྐྱོན་ཐོན་ནས་ཉེན་གཡོལ་བྱེད་སྐབས་ཨ་ཅོར་རློན་པས་ཁ་དང་སྣ་བཀབ་སྟེ་སྒུར་སྒུར་བྱས་ནས་དོན་དགོས་པ་དང་། ཁང་པའི་ནང་དུ་ལུས་ཚེ་རས་རློན་པ་སོགས་ཀྱིས་སྒོའི་སྲུབས་ཀ་འགོག་དགོས་པ་མ་ཟད། དུས་ཐོག་ཏུ་སྐྱོབ་རེ་ཞུ་བའི་བརྡ་གཏོང་དགོས།