ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཨུད་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་མ་91དང་རུ་སྣེ་འཁྲིད་མཁན་དགེ་རྒན་10སྒྲིག་འཛུགས་བྱས་ཏེ་ཧུའུ་པེར་བསྐྱོད་ནས“སེ་འབྲུའི་རྡོག་ལྟར་གཅིག་སེམས་གཅིག་ལ་སྦྲེལ·མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཧུའུ་པེ་དང་། བོད། ཤིན་ཅང་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་བརྩེ་སེམས་མཉམ་འདྲེས་དང་སྤེལ་རེས་ཀྱི་དབྱར་སྒར་བྱེད་སྒོ་སྤེལ་བ་རེད།
དུས་ཡུན་ཉིན་7གྱི་སྤེལ་རེས་བྱེད་སྒོའི་ནང་ཧུའུ་པེ་དང་། བོད། ཤིན་ཅང་བཅས་ཀྱི་གཞོན་ནུ་ལོ་ཆུང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཅིང་ཁྲུའུ་རིག་གནས་རྟོག་ཞིབ་དང་། གསར་བརྗེའི་རྟེན་གཞིར་ལྟ་སྐོར། ཚན་རྩལ་ལག་ལེན་སློབ་གསོ། ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོ བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོ་སོགས་ཀྱི་བྱ་ཐབས་བརྒྱུད། ཀྲུང་ཧྭའི་རིག་གནས་ཀྱི་རྒྱ་ཆེ་གཏིང་ཟབ་མྱོང་རོལ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་རྟོགས་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་པ་རེད།
འདི་ནི་ལྷོ་ཁའི་སློབ་མ་ཚོས་ཧུའུ་པེ་ཞིང་ཆེན་གྱི་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་པ།