བོད་སྐྱོར་ལས་བྱེད་པའི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། 2016ལོར་སློབ་གསོ་པུའུ་སོགས་པུའུ་ཨུད་ཀྱིས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་བསྟར་བྱས་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་དགེ་རྒན་མི་ཐེངས་2100ལྷག་ཙམ་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་ལ་བཏང་བ་རེད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་ད་བར་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་སློབ་ཁྲིད་དང་། དོ་དམ་བྱ་ཐབས། སློབ་གསོའི་ལྟ་བ་བཅས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་མ་ཟད། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
བོད་སྐྱོར་དགེ་རྒན་གྲངས་ལས་འདས་པ་གངས་ལྗོངས་ས་མཐོར་ཡོང་ནས་བོད་ཀྱི་དགེ་སློབ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ས་གནས་གཉིས་ཀྱི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།