ཉེ་བའི་ལོ་ཤས་རིང་ལྗང་མདོག་ཐཱན་ཉུང་ཕྱིར་སྐྱོད་དེ་རིམ་བཞིན་ཇོ་མོ་གླང་མར་ཡུལ་སྐོར་དུ་སྐྱོད་མཁན་གྱི་གདམ་གར་གྱུར་ཡོད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་བྱང་འདབས་སྒར་ས་ཆེ་མོའི་སྐྱེ་ཁམས་ཡུལ་སྐོར་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་2019ལོ་ནས་བཟུང་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་གཉེར་སྐྱོང་བྱེད་འགོ་བཙུགས་པས་ཇོ་མོ་གླང་མའི་ཐཱན་ཉུང་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་མངོན་འགྱུར་ཐུབ་སྟེ་ཇོ་མོ་གླང་མའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།