མཚོ་བོད་ལྕགས་ལམ་ལྷ་སའི་མེ་འཁོར་ལས་དོན་དུམ་བུས“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”དང“གཞོན་ནུ་དང་བླངས་པ”བཀོད་སྒྲིག་བྱས་ནས་སྤ་སེ་འཚོང་ས་དང་། མེ་འཁོར་སྒུག་ས། བབས་ཚུགས་སོགས་སུ་ལམ་སྟོན་བྱེད་པ་དང་ཆབས་ཅིག་རྒན་རྒོན་དང་། ཉམས་ཞན་ཚོགས་སྤྱི། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་བཅས་དང་དེ་བཞིན་དཀའ་ངལ་ཡོད་པའི་འགྲུལ་པ་གཞན་དག་ལ་གཙོ་གནད་ལྟ་རྟོག་བྱས་ཏེ། ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ནས་དབྱར་གསེང་སྐྱེལ་འདྲེན་རིང་འགྲུལ་པ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཤིང་། འདི་ནི་མཚོ་བོད་ལྕགས་ལམ་ལྷ་སའི་མེ་འཁོར་ལས་དོན་དུམ་བུའི་ལས་དོན་མི་སྣས་འགྲོ་སྐྱོད་སྟབས་བདེ་མེད་པའི་འགྲུལ་པར་རོགས་པ་བྱེད་བཞིན་པ།