《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月28日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཆུ་གྲོན་ཆུང་གི་གན་རྒྱ་ཐོག་མ་བཞག་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཆུ་གྲོན་ཆུང་གི་གན་རྒྱ་ཐོག་མ་དེ་དངོས་སུ་བཞག་པ་ལས། སྣེ་གདོང་ཆུས་ཀྱིས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་བསྐྲུན་པའི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད།

གན་འཇོག་མཛད་སྒོའི་ཐོག་སྣེ་གདོང་ཆུས་ཆུ་བེད་ཅུས་ཀྱི་འགན་འཁུར་བས། ཆུ་གྲོན་ཆུང་གི་གན་རྒྱ་བཞག་པ་ནི་སྣེ་གདོང་ཆུས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་རེད་ལ། སྣེ་གདོང་ཆུས་དང་ཐ་ན་གྲོང་ཁྱེར་ཡོངས་སུ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་སྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་ཀྱང་རེད། སྣེ་གདོང་ཆུས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་ཏེ་ཆུའི་ཐོན་ཁུངས་སྤྱོད་ཚད་ཕྱོགས་ཡོངས་ནས་མང་དུ་བཏང་སྟེ། སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་བྱེད་སྟངས་བརྒྱུད་ཆུ་གྲོན་ཆུང་གི་བྱ་ཐབས་ལག་བསྟར་ནུས་ལྡན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཆུ་གྲོན་ཆུང་གི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱེད་ཀྱི་ཡིན་ཞེས་བརྗོད།

(བསྟན་བློས་བསྒྱུར། མཚམས་གཅོད་ཀྱིས་ཞུས)