འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་ཚན་རྩལ་མཐུན་ཚོགས་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་གི་སློབ་གྲྭའི“སྣེ་ཁྲིད་འཆར་གཞིའི”གཞོན་ནུ་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པའི་རྒྱལ་བབ་ཞིབ་འཇུག་ཟབ་སྦྱོང་བྱེད་སྒོ(བོད་ལྗོངས་འཛིན་གྲྭ)ཉིང་ཁྲིར་གཉེར་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་35ཞུགས་ཡོད་པ་རེད།
ད་རེས་ཀྱི་ཞིབ་འཇུག་ཟབ་སྦྱོང་བྱེད་སྒོའི་དུས་ཡུན་ཉིན་7ཡིན་ཞིང་། སྐྱེ་ཁམས་དང་། ཞིང་འབྲོག ནུས་རྒྱུ་སོགས་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། “ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ། ཚན་རྩལ་ཤེས་ལྡན་པའི་སྲིད་ཇུས་གསལ་འགྲེལ། ཁྱབ་ཁོངས་བརྒལ་བའི་སྤེལ་རེས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་རྒྱུན་འཛིན། རྒྱལ་བབ་རྟོག་ཞིབ་དང་ཚན་རྩལ་ཞབས་ཞུ། གྲོས་འདོན་ཇུས་འབུལ”བཅས་ཀྱི་བྱེད་སྟངས་ཆེན་པོ་བདུན་བརྒྱུད་ནས་སློབ་སྦྱོང་དང་སྤེལ་རེས་བྱས་ཤིང་། གཞོན་ནུ་ཚན་རྩལ་ལས་དོན་པར་རོགས་རམ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་ལེན་པར་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་དང་། རྒྱལ་ཁབ། ཚན་རིག་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ། ལས་འགན་དང་འགན་འཁྲི་སྒྲུབ་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)