《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月25日

ཤིང་ཏོག་འདེབས་མཁན་ཞིང་པས་རྒུན་འབྲུམ་འཐུ་བར་འབྲེལ།

ཉེ་ཆར། ཧོ་པེ་ཞིང་ཆེན་ཁྲང་ལི་རྫོང་གི་མུའུ་ཁྲི་5ལྷག་ཙམ་ཟིན་པའི་རྒུན་འབྲུམ་སྨིན་པས་ཤིང་འབྲས་འདེབས་མཁན་ཞིང་པ་ཚོས་འཐུ་འགོ་ཚུགས་ཏེ་ཁྲོམ་རར་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། “རྒུན་འབྲུམ་གྱི་འབྱུང་ཁུངས”ཞེས་སུ་གྲགས་པའི་ཁྲང་ལི་རྫོང་གིས་ཞིང་པར་རྒུན་འབྲུམ་འདེབས་འཛུགས་ཀྱི་སྣ་ཁ་གསར་པ་རྒྱ་ཁྱོན་ཆེན་པོས་འདེབས་རྒྱུའི་ཁྲིད་སྟོན་བྱས་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱས་ཡོད། འདི་ནི་ཧོ་པེ་ཞིང་ཆེན་ཁྲང་ལི་རྫོང་ཧྲི་ལི་ཧྥུའུ་ཤང་གེང་ཀྲོང་གྲོང་ཚོའི་ལན་ཁའོ་རྒུན་འབྲུམ་འདེབས་འཛུགས་མཉམ་ལས་ཁང་གི་ལས་མིས་ཤིང་འབྲས་ར་བར་རྒུན་འབྲུམ་ལ་གཡོག་བྱེད་བྱེད་བཞིན་པ།