ཉེ་བའི་ལོ་ཤས་རིང་། བྱང་ཤར་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པའི་ངོས་ནས་བྱང་ཤར་ས་ཁུལ་གྱི་ས་གནས་ཁག་གིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དེ“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་བྱང་ཤར་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འདེགས་སྐྱོར་བྱས་ཡོད། འདི་ནི་ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་ཙུའོ་དབྱི་ཧོའུ་ཆིའི་ཁོར་ཆིན་བྱེ་ས“མུའུ་ཁྲི་བརྒྱ་གཉིས”ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ནུའུ་ཀུའུ་སི་ཐའེ་རྣམ་གྲངས་ཁུལ་དུ་སྔོ་ལྗང་རབ་ཏུ་རྒྱས་པ།