《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月23日

ཨེ་མར་ཞོག་ཁོག་ཟེར་བ། གསེར་རྡོག་མིན་ན་གང་ཡིན།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མར་ཤང་གི་སྔ་སྨིན་ཞོག་ཁོག་ལ་ཐོན་འབབ་ལེགས་པོ་བྱུང་བ་དང་། ཞིང་ནང་དང་མུ་ཁར་ཡུལ་མི་རྣམས་ལས་ཀར་བྲེལ་བཞིན་འདུག ཤེས་རྟོགས་བྱུང་བ་ལྟར་ན། སྔ་སྨིན་ཞོག་ཁོག་གི་སྐྱེ་ཡུན་ཐུང་བ་དང་། ཐོན་འབབ་མང་བ། བྲོ་བ་ཞིམ་པ་སོགས་ཀྱི་ལེགས་ཆ་ལྡན་པར་བརྟེན། མུའུ་རེའི་ཡོང་འབབ་ནི་འབྲུ་རིགས་ལས་ལྡབ་3ནས་ལྡབ་5ཡིས་མང་བ་ཡོད་པས། དེ་ནི་ཨེ་མར་ཤང་གི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།

པར་འདི་གཉིས་ནི་རྣམ་གླིང་རྫོང་ཨེ་མར་ཤང་གི་མང་ཚོགས་ཀྱིས་ཞོག་ཁོག་བསྡུ་བཞིན་པ།