《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月23日

འཛུགས་སྐྲུན་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས།

དངུལ་རྩའི་རྒྱུན་ཤེས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། འཛུགས་སྐྲུན་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་དངུལ་ཁང་གི་འཛད་སྤྱོད་ཅིང་ལིའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སྒར་རྫོང་རྒྱ་སྨུག་གྲོང་ཚོའི་ཞིང་བུན་གཏོང་བའི་ཞིང་འབྱོར་ཤར་གཏོང་ཞབས་ཞུའི་ས་ཚིགས་སུ་བསྐྱོད་ནས། དངུལ་རྩའི་རྒྱུན་ཤེས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཞིང་། ད་རེས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་པ་བརྒྱུད། ཡུལ་མི་རྣམས་ཀྱིས་དངུལ་རྩའི་རྒྱུན་ཤེས་ལ་རྒྱུས་མངའ་སྔར་བས་ཟབ་པོ་ཡོང་བ་དང་། དངུལ་རྩའི་ཉེན་ཁ་དབྱེ་འབྱེད་ཀྱི་གཞི་རྩའི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ནས། རྒྱུན་གཏན་གྱི་འཚོ་བའི་ཁྲོད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་སྔར་བས་ཡག་པོ་ཐུབ་པ་བྱ་ཆེད་ཡིན་པ་རེད།

བྱེད་སྒོ་སྤེལ་རིང་། འཛད་སྤྱོད་ཅིང་ལིས་གསོན་ཉམས་ལྡན་པའི་དཔེ་དྲངས་པ་དང་ཕན་ཚུན་དྲི་བ་དྲིས་ལན་གྱི་རྣམ་པ་བརྒྱུད། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་བུན་གཏོང་བའི་ཞིང་འབྱོར་ཤར་གཏོང་སྤྱོད་མཁན་དང་དེའི་ཉེ་འཁོར་ཡུལ་མིར་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གལ་འགངས་ཆེ་ལུགས་དང་། དུག་རྫས་དང་ཁ་བསླུས་སོགས་དང་འབྲེལ་བའི་དངུལ་རྩའི་ཉེན་ཁ་དབྱེ་འབྱེད་དང་འགོག་ཟོན་གྱི་བྱ་ཐབས་ལ་འགྲེལ་བཤད་བརྒྱབ་ཅིང་། ས་ཡུལ་དངོས་ཀྱི་ཡུལ་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས། ད་ཐེངས་ཀྱི་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པའི་ཁར། བྱེད་སྒོ་འདི་བརྒྱུད་ཕན་པ་མི་དམན་པ་ཐོབ་ཚུལ་བརྗོད་པ་རེད།