《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月23日

ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

སྲིད་གཙང་ཉེན་ཟོན་སློབ་གསོའི་ བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་ཏང་ཀྲི་པུའུ་ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་ཟངས་རི་རྫོང་གི་སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པའི་བྱེད་སྒོ་སྤེལ་ཞིང་། ཞིབ་དཔྱོད་ཁང་གི་ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཚང་མ་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་རིང་། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཚོས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་འཚོ་བའི་སྒྲིག་ཁྲིམས་སྐོར་གྱི་ནང་དོན་ཁག་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་འབྲེལ། “འཚོ་བའི་སྒྲིག་ཁྲིམས”ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་ཡང་བྱས་པ་རེད། དེ་རྗེས་ཟངས་རི་རྫོང་སྒྲིག་ཨུད་དུ་བསྐྱོད་ནས། “ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་རྒྱག་པའི”སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས། ས་གནས་ས་ཐོག་ཏུ་གཏིང་ཟབ་པའི་སྲིད་གཙང་ཉེན་ཟོན་སློབ་གསོ་དང་ལེན་བྱས་པ་རེད། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་ལྟ་སྐོར་དང་སློབ་སྦྱོང་ཞིབ་ཕྲ་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས། གྱོད་གཞི་དཔྱད་གཞིར་འཛིན་པ་དང་། གཅིག་ཤེས་ཀུན་གྲོལ། ཉེན་བརྡ་རྒྱུན་སྒྲོག་བཅས་བྱས་ཏེ། སྤྱོད་གཙང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་དང་། དར་སྲོལ་ངན་པའི་བསླད་སྐྱོན་འགོག་པ། སྒྲིག་བཀུར་སྒྲིག་སྲུང་གི་ཚད་ཤིང་དུ་འགྱུར་བར་བརྩོན་ལེན་ཧུར་ཐག་བྱེད་པ། རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ལ་བརྟེན་ནས། ཞིབ་དཔྱོད་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།