གཅིག བྱིས་པར་སོ་ཐོག་མར་སྐྱེ་སྐབས་ཟས་རིགས་མཁྲེགས་པོ་སྟེར་མི་རུང་།
གཉིས། རྣམ་ཀུན་མངར་ཆ་བཟས་རྗེས། ཚྭ་ཆུ་སླ་པོས་བྱིས་པའི་ཁ་ཆུ་བཤལ་གཏོང་དུ་འཇུག་དགོས།
གསུམ། ཟས་ལ་སོ་ཞིབ་མོར་བརྒྱབ་རྗེས་མཆིལ་མ་དང་བསྲེས་ཏེ་མིད་དུ་བཅུག་ན་སོ་ལ་གནོད་པ་མེད་པ་མ་ཟད། འཇུ་བདེ་པོ་ཡོད།
བཞི། སོ་གསར་པ་སྐྱེ་གྲབས་ཡོད་པའི་སྐབས་སུ་ལྕེ་དང་ལག་པས་སྒུལ་ན་སོ་གྲལ་འགྲིག་པོ་སྐྱེ་མི་ཐུབ་ལ། སོ་གསར་པ་སྐྱེ་སྐབས་ཟས་མཁྲེགས་པོ་དང་རུལ་བ་སོགས་བཟས་ན་གནོད་པ་ཆེ་བས་ཡིད་གཟབ་བྱེད་དགོས།
ལྔ། བྱིས་པར་སོ་སྐྱེ་སྐབས་སྦྲང་རྩི་དང་སྐྱུ་རུ་ར་སོགས་ཀྱི་ཁུ་བ་སོ་རྙིལ་ལ་བྱུགས་ན་ཕན་པ་ཡོད།