↑ ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་གྱིས་མིས་བཟོས་འདམ་ར་ཧུར་ཐག་བསྐྲུན་ནས་རྨ་ཆུའི་སྐྱེ་ཁམས་སྲུང་བཅད་ཁུལ་བརྟན་དུ་བཏང་ཡོད། ཝུའུ་ཀྲུང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་པོའི་མཇུག་ཆུའི་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་ཡིན་པའི་གནའ་གྲོང་མཚོ་ཁུག་གི་མིས་བཟོས་འདམ་རས་རྒྱ་ཁྱོན་མུའུ་240བཟུང་ཡོད་པ་དང་རྨ་ཆུའི་ནང་གཏོང་བའི་ཆུར་གཙང་གསིང་གཏིང་ཟབ་བྱས་པས་ཉིན་རེར་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་6གཙང་གསིང་ཐུབ་ཀྱི་ཡོད། འདི་ནི་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ལི་ཐུང་ཆུས་སུ་གནས་པའི་གནའ་གྲོང་མཚོ་ཁུག་གི་མིས་བཟོས་འདམ་ར་ཡིན་པ།