ཕུན་ཚོགས་བཀྲ་ཤིས།
དྲིན་ཆེན་ཕ་མའི་དྲིན་ལན་གསོལ་བ་དང་། །
དཔོན་པོ་བཟང་པོའི་ཐུགས་རྗེའི་བཀའ་དྲིན་དང་། །
བཤེས་གཉེན་དག་གིས་དཀའ་བ་སྤྱད་པའི་ཚུལ། ། སློབ་མའི་མདུན་ལམ་ཡངས་པོར་སྒྱུར་བྱེད་པའི། ། མཐའ་མའི་སྦྱངས་འབྲས་གཡུར་དུ་ཟ་བས་སྤྲོ། །
བུ་ཕྲུག་སེམས་ལ་སོ་སོའི་སྡུག་བསྔལ་རེ། །
དགེ་རྒན་དག་ཀྱང་གང་དྲག་ཅི་དྲག་བསམས། །
སློབ་གསོའི་དབུ་ཁྲིད་རྣམས་ཀྱང་བློ་མ་བདེ། །
འོན་ཏེ་གོང་འོག་སེམས་ཤུགས་བསྒྲིལ་བའི་ཚེ། ། མཐའ་མའི་རྒྱལ་ཁ་ང་ཚོར་དབང་ངེས་ལགས། །
མདོར་ན་བུ་ཕྲུག་ཁྱུང་གཤོག་དྲག་རྩལ་ཅན། །
མ་འོངས་ལམ་བུ་ད་དུང་དེ་བས་རིང་། །
ལྷོད་གཡེང་མེད་པའི་བློ་ཡི་གདེང་བསྐྱེད་དེ། །
ཤེས་བྱའི་བདུད་རྩི་འཐུང་ལ་ཆད་མེད་ཀྱིས། །
དུས་རབས་གསར་པའི་ཉི་གཞོན་བསུ་དགོས་ཨང་། །
བཀྲ་ཤིས་གནམ་ལ་ཉི་ཟླ་སྐར་གསུམ་བཟང་། །
བཀྲ་ཤིས་ས་ལ་རི་མོ་རྟགས་བརྒྱད་བཟང་། །
བཀྲ་ཤིས་བར་སྣང་འཇའ་ཚོན་འཁྱིལ་ལེ་ལེ། །
བཀྲ་ཤིས་སྨོན་ཚིག་བཟང་པོའི་ཁ་གཡང་ནས། །
བཀྲ་ཤིས་རྟེན་འབྲེལ་ནམ་ཡང་བཀྲ་ཤིས་ཤོག །