《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月10日

ལྷོ་བྲག་རྫོང་གིས་སྐུ་ལྷ་མཁའ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷོ་བྲག་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི་ལྷོ་བྲག་རྫོང་སྐུ་ལྷ་མཁའ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ལྷོ་བྲག་རྫོང་རིག་གནས་ཐང་ཆེན་དུ་འགོ་ཚུགས་པ་རེད།

སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཁྱོན་ཉིན་ལྔ་གཉེར་བ་དང་འགོ་ཚུགས་མཛད་སྒོའི་གོང་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད། དེའི་རིང་ཚོང་འདུས་དང་། ལྷ་ཁང་གི་སྐྱ་འཆམ་འགྲེམས་འཁྲབ། མི་སྟོང་གི་སྒོར་གཞས། སྐུ་ལྷ་མཁའ་རི་བུམ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར། བཀྲམ་འཚོང་ཚོང་འདུས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བཀྲམ་འཚོང་ཚོང་འདུས་ལ་ཁྱོན་ཚོང་དུད་506ཞུགས་ཡོད་པ་དང་རིམ་རྩིས་བྱས་ན་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི་707.1ཟིན་ཡོད་པ་རེད།