འདི་ག་ཚགས་པར་ཁང་དུ་རྒྱ་ཚ་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་2024ལོའི“ཚོགས་སྒྲིག་རྣམ་པའི”ཧུའུ་པེ་ཞིང་ཆེན་དུ་ལས་ཀར་ཞུགས་པའི་དགའ་སྐྱེལ་མཛད་སྒོ་འཚོགས་ནས་གཞོན་ནུ་68དབྱི་ཁྲང་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ཁྲང་བོད་སྐྱོར་ལས་དོན་རུ་ཁག་གི་སྦྲེལ་མཐུད་གནད་སྨིན་གྱི་སྐུལ་འདེད་འོག ཧུའུ་པེ་ཀྲི་ཅང་ཧྭ་ཤིན་འོད་གློག་དང་ཏུར་འོད་གློག་ཁེ་ལས་ཀྱིས་རྒྱ་ཚ་རྫོང་དུ་ཆེད་དོན་གདན་ཞུ་དང་ས་གནས་ས་ཐོག་ཏུ་ངོ་རྒྱུགས་འདུ་འཚོགས་འཚོགས་པ་རེད། ད་ཐེངས་ཁེ་ལས་གཉིས་ཀྱིས་མི་68གཅིག་སྡུད་གདན་ཞུ་བྱས་པ་དེ་ནི་ཉེ་བའི་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་གྱིས་སྤེལ་བའི“ཚོགས་སྒྲིག་རྣམ་པའི”ཧུའུ་པེ་ཞིང་ཆེན་དུ་ལས་ཀར་བསྐྱོད་པའི་བྱེད་སྒོ་གཞི་ཁྱོན་ཆེ་ཤོས་ཤིག་ཡིན་པ་རེད།