མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མང་ཚོགས་ལ་བདེ་ཐང་གི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱ་ཆེད། ཉེ་ཆར། རྗེ་འབུམ་སྒང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་གདན་དྲངས་ཏེ་སྡེ་ཁུལ་དུ“བདེ་ཐང་གི་ཚན་རིག་ཁྱབ་གདལ་བྱ་སྤྱོད་སྤེལ་ནས་བདེ་ཐང་ལྷ་ས་མཉམ་དུ་སྐྲུན”ཞེས་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་སྡེ་ཁུལ་གྱི་གྲོང་མིར་ཁྲག་མངར་བརྟག་དཔྱད་བྱེད་བཞིན་པ།