《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月09日

གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་འགྲོ་ལམ་མྱུར་བཟོ་བྱས་པ།

ཉེ་དུས། དུས་ཐུང་གི་དྲག་ཆར་བབས་པར་བརྟེན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་འཛིན་པ་གྲོང་ཚོའི་ལམ་དུམ་མང་པོ་ཞིག་བརྡིབས་ནས་འགྲིམ་འགྲུལ་འགག་པ་དང་ཡུལ་མིའི་ཐོན་སྐྱེད་འཚོ་བར་འགོག་རྐྱེན་བཟོས་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་གསུམ་པའི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ལམ་བུ་མྱུར་བཟོ་བྱས་པས། དུས་ཐུང་ནང་འགྲོ་ལམ་འགྲིམ་འགྲུལ་སླར་གསོ་ཐུབ་ཡོད། འདི་ནི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་ལས་ཡུལ་དངོས་སུ་འགྲོ་ལམ་མྱུར་བཟོ་བྱེད་བཞིན་པ།