འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དགེ་རྒྱས་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་ལྟེ་གནས་དངོས་སུ་སྒོ་ཕྱེ་བ་རེད།
དགེ་རྒྱས་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་ལྟེ་གནས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་300ལྷག་ཙམ་ཟིན་ཞིང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་གྱང་དང་། ཏང་འཛུགས་སྐྱོང་གི་རིག་གནས་ཁྱམས་རིང་། མིག་དཔེའི་སྟོབས་ཤུགས་ཚོམས་ཆེན་སོགས་ཀྱི་བྱེད་ནུས་ཁུལ་6བཙུགས་ཡོད་པ་དེ་ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། གོམ་སྟབས་རྗེས་མར། དགེ་རྒྱས་རྫོང་གིས་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་ལྟེ་གནས་གཉེར་སྐྱོང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གོ་རིམ་ལྡན་པའི་ངང་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཏང་གཤིས་སློབ་གསོ་སྤེལ་ནས་ལྟེ་གནས་འདི་ཉིད་ཏང་གཤིས་སྦྱོང་བརྡར་གྱི་ལས་སྟེགས་དང་སློབ་སྦྱོང་སློབ་གསོའི་རྟེན་གཞིར་ཧུར་ཐག་བསྐྲུན་རྒྱུ་རེད། (པ་ཚེས་བསྒྱུར)