འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཤན་ཧྲེང་སྨན་ལས་ཀྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ“བརྩེ་སེམས་ཟབ་མོ་བཅངས། སྨན་བཅོས་ལས་ལ་གཞོལ་བའི”ཞལ་འདེབས་འབུལ་བའི་མཛད་སྒོ་གཉེར་བ་རེད། ཤན་ཧྲེང་སྨན་ལས་ཀྱིས་མལ་གྲོ་གུང་དཀར་རྫོང་ལ་ཞལ་འདེབས་སྒོར་ཁྲི་200བརྒྱབ་ནས་ས་གནས་དེ་གར་སྨན་ཁང་སྐྲུན་རོགས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཞལ་འདེབས་དངུལ་གཙོ་བོ་ཅང་སུའུ་དང་བོད་ལྗོངས་ས་གནས་གཉིས་དབར་འགྲོ་འོང་སྤེལ་རེས་དང་། ལྷག་པར་དུ། གཞི་རིམ་གྱི་སྨན་དོན་མི་སྣའི་རྩལ་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སྤྱོད་རྒྱུ་རེད། གཞན་ཡང་། ཤན་ཧྲེང་སྨན་ལས་ཀྱིས་ད་དུང་བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ་བརྒྱུད་སྨན་ཁང་མང་པོ་ཞིག་ལ་སྒོར་ཁྲི་27.4རི་བའི་སྨན་རྫས་ཞལ་འདེབས་བརྒྱབ་ནས་རང་ལྗོངས་ཀྱི་སྨན་ཁང་གི་རྒྱུན་གཏན་སྨན་བཅོས་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།