འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་7ཉིན་གནས་ཚུལ་འབྱོར་གསལ། 2024ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་ལས་དོན་འགོ་ཚུགས་ཤིང་། གསར་འགོད་པར་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་ནས་ཤེས་རྟོགས་བྱུང་བར། དབྱར་གསེང་གི་སྐྱེལ་འདྲེན་རིང་ལས་ཚུགས་དེའི་དོ་དམ་ཁོངས་གཏོགས་ཀྱི་ས་ཚིགས་ཁག་གིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་25དང་ཆ་སྙོམས་ཉིན་རེར་འགྲུལ་པ་མི་ཐེངས་4000ལྷག་ཙམ་དབོར་འདྲེན་བྱས་ཡོད་པ་རེད།
དབྱར་གསེང་རིང་གི་སྐྱེལ་འདྲེན་འགོ་ཚུགས་པ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་དོ་དམ་ཁོངས་གཏོགས་ཀྱི་ནག་ཆུ་ས་ཚིགས་དང་། ཨ་མདོ་ས་ཚིགས། གཞིས་རྩེ་ས་ཚིགས་བཅས་ཀྱི་འགྲུལ་རྒྱུན་བརྟན་པོ་འཕར་བཞིན་ཡོད་ཅིང་། མེ་འཁོར་ལས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་དབྱར་གསེང་རིང་གི་འགྲུལ་རྒྱུན་གཙོ་བོ་ཡུལ་སྐོར་བ་དང་སློབ་མ་ཡིན་པས། དབྱར་གསེང་སྐྱེལ་འདྲེན་རིང་གི་འགྲུལ་པ་སྐྱེལ་འདྲེན་སྒྲིག་འཛུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་ཀྱིས་དོ་དམ་ཁོངས་གཏོགས་ཁུལ་གྱི་ས་ཚིགས་ཁག་གི་གློག་སྐས་དང་། ལག་འཇུའི་གློག་སྐས། གློག་སྒོའི་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ལ་དུས་ངེས་མེད་དུ་ཞིབ་བཤེར་དང་ཉམས་བཟོ་བྱས་ནས་འགྲུལ་པ་མེ་འཁོར་ནས་འབབ་པ་དང་འཛུལ་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།