འདི་ག་ཚགས་པར་ཁང་དུ་མཚོ་ཆེན་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་ཆེན་རྫོང་གི་བཀྲ་རི་གནམ་མཚོའི་རིག་གནས་ལུས་རྩལ་བྱེད་སྒོའི་གཟའ་འཁོར་དངོས་སུ་འགོ་ཚུགས་པ་རེད།
མཚོ་ཆེན་རྫོང་གིས་སྤྱི་པའི་ལུས་རྩལ་ཁང་རིན་པ་མི་དགོས་པར་སྒོ་ཕྱེ་བ་དང་དྲ་ཕྱིའི་འགྲན་བསྡུར་སྤེལ་བ་སོགས་ཀྱི་བྱེད་སྒོ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་རྟོགས་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་བཏང་ནས་ཚང་མར་སྣ་མང་ཕུན་སུམ་ཚོགས་པའི་ལུས་རྩལ་ལུས་སྦྱོང་བྱེད་སྒོར་ཞུགས་ཏེ་ཧུར་བརྩོན་བདེ་ཐང་གི་འཚོ་བའི་གོམས་གཤིས་འཇགས་པར་བྱེད་དགོས་པའི་སྐུལ་སློང་དང་ཁྲིད་སྟོན་བྱས་པ་རེད།