《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月08日

པར་རིས་གསར་འགྱུར།

ཟླ་8ཚེས་6ཉིན་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཀོ་འགྲོན་གྲུའི་འཁྱིལ་ཆུའི་སྐྱེས་པའི་མི་གཉིས་ཀྱི་འགྲོན་གྲུའི་སྨི་500ཡི་གྲ་སྒྲིག་འགྲན་བསྡུར་མ་ཨེན་གཙང་འགྲམ་གྱི་ཝུའེ་ཨེར་ཆུ་ཐོག་ལུས་རྩལ་ཐང་དུ་བྱས་ཤིང་། ཀྲུང་གོའི་ཆ་སྒྲིག་ལུས་རྩལ་པ་ལིའུ་ཧའོ་དང་ཅི་པོ་ཝུན་གྱིས་སྐར་མ་1དང་སྐར་ཆ་37གྲངས་ཆུང་40ཡི་གྲུབ་འབྲས་ཐོག་ནས་ཕྱེད་མཐའ་བསྡུར་ནང་ཚུད་པ་དང་རྣམ་གྲངས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཅིང་། འདི་ནི་ཀྲུང་གོའི་ཆ་སྒྲིག་ལུས་རྩལ་པ་ལིའུ་ཧའོ(གཡོན)དང་ཅི་པོ་ཝུན་གྱིས་འགྲན་བསྡུར་བྱེད་བཞིན་པ།