《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月07日

སི་ཁྲོན་ཞིང་ཆེན་ལི་ཐང་གི“བརྒྱད་གཅིག”རྟ་རྒྱུག་འགྲན་ཚོགས་འགོ་ཚུགས་པ།

ཉེ་ཆར་སི་ཁྲོན་ཞིང་ཆེན་ལི་ཐང་གི“བརྒྱད་གཅིག”རྟ་རྒྱུག་འགྲན་ཚོགས་རྡོ་དབང་ཐང་རྟ་རྒྱུག་འགྲན་རར་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་འབྲོག་པ་ཆིག་སྟོང་ལྷག་ཙམ་མཉམ་དུ་འཛོམས་ཡོད། རྟ་རྒྱུག་འགྲན་ཚོགས་ཐོག་ཁ་བཏགས་སྒྲུག་པ་དང་། རྟ་ཐོག་ནས་མེ་མདའ་རྒྱག་པ། རྟ་ཐོག་ནས་མདའ་འཕེན་པ་སོགས་རྟ་རྩལ་ངོམ་ནས་ས་གནས་དེ་གའི་འབྲོག་པ་དང་ཡུལ་སྐོར་བའི་འདྲེན་བྱེད་ཡུལ་དུ་སྟོན་མོ་གཟབ་རྒྱས་བཤམས་ཡོད།

འདི་ནི་ལི་ཐང་རྫོང་རྡོ་དབང་ཐང་རྟ་རྒྱུག་འགྲན་རར་སྒོར་གཞས་འཁྲབ་བཞིན་པ།

འདི་ནི་ལི་ཐང་རྫོང་རྡོ་དབང་ཐང་རྟ་རྒྱུག་འགྲན་རར་ཁམས་པའི་ཕོ་གསར་གྱིས་རྟ་རྩལ་ངོམ་བཞིན་པ།