《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月05日

མཚོ་སྣ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྡེ་ཚན་མང་པོ་དང་མཉམ་དུ།

རིག་གནས་ཁྲོམ་རར་མཚན་བཤེར་བྱས་ནས་ཚོང་གཉེར་བདེ་འཇཌ་དང་ཚད་ལྡན་ཡོང་བའི་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྣ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་གྲོང་ཁྱེར“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་དང་། ཁྲོམ་ར་ལྟ་སྡོམ་ཅུས། སྤྱི་བདེ་ཅུས། མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་རུ་ཆེན་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཀྱི་དྲ་ཁང་དང་རོལ་རྩེད་ཁང་སོགས་སུ་མཚན་བཤེར་བྱས་པ་རེད།

ད་ཐེངས་ཀྱི་བྱ་སྤྱོད་དེའི་དམིགས་ཡུལ་ནི་རིག་གནས་ཁྲོམ་རར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་གནས་ཚོང་གཉེར་བྱེད་ཡུལ་གྱི་མེ་ཟོན་བདེ་འཇགས་དང་ཚོང་གཉེར་སྒྲིག་ལམ་འགན་ལེན་བྱེད་རྒྱུ་དེ་རེད། ཁྲིམས་འཛིན་མི་སྣས་ཚོང་གཉེར་ཚན་པ་ཁག་གིས་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་ཡག་པོ་བྱས་མིན་དང་། མེ་ཟོན་བགྲོད་ལམ་ཤར་གཏོང་ཡོད་མེད། མེ་ཟོན་བདེ་འཇགས་ཀྱི་མཚོན་རྟགས་ཚང་མིན་སོགས་ལ་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། ལས་གཉེར་གྱི་ཉིན་ཐོ་དང་རྩིས་ཐོ་ཐོ་འགོད་སོགས་ཐད་ཚད་ལྡན་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་མི་སྣས་ཚོང་གཉེར་བྱེད་ཡུལ་ཁག་གཅིག་གི་རྩིས་ཁྲ་འབྲི་སྟངས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་ཚོང་གཉེར་ཚན་པར་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ལས་མི་ཚོར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

མཚོ་སྣ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རིག་གནས་ཁྲོམ་རར་ལྟ་སྡོམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། དུས་བཀག་དང་དུས་ངེས་མེད་དུ་མཉམ་འབྲེལ་ཞིབ་བཤེར་བྱས་ནས་རིག་གནས་ཚོང་གཉེར་ཚན་པར་རང་ངོས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་སྐུལ་ལྕག་བྱས་ཏེ། རིག་གནས་ཁྲོམ་ར་བདེ་འཇགས་དང་། ཡ་རབས། སྐྱོན་བྲལ་བཅས་ཀྱི་སྒོ་ནས་གཉེར་སྐྱོང་བྱེད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།