འདི་ག་ཚགས་པར་ཁང་དུ་ལྷ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཤང་གྲོང་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་དང་མཉམ་འབྲེལ་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་སྦག་སྦག་དང་གློག་སྒུལ་འཁོར་རིགས་འགྲོ་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་རྨོག་ཞྭ་གྱོན་མེད་པ་དང་། འཁོར་བྱང་དང་ལག་ཁྱེར་མེད་པ། ཁྲིམས་འགལ་ངང་མི་བླུགས་པ། གློག་སྒྲོན་དམར་པོ་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས“འཁོར་རིགས་འགྲུལ་བཞུད་མང་བའི་དུས་དང་འཁོར་རིགས་འགྲུལ་བཞུད་ཉུང་བའི་དུས་ཀྱི་གནས་གཏན་འཁེལ་ཟུང་འབྲེལ”གྱི་ལས་སྒྲུབ་རྣམ་པ་བརྒྱུད། གཙོ་གནད་ལམ་དུམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦག་སྦག་དང་གློག་སྒུལ་འཁོར་རིགས་གཏོང་མཁན་གྱིས་གཏན་འབེབས་ལྟར་བདེ་འཇགས་རྨོག་ཞྭ་མ་གྱོན་པ་དང་། ལམ་ལྡོག་ནས་གཏོང་བ། འཁོར་བྱང་དང་ལག་ཁྱེར་མེད་པ། ཁྲིམས་འགལ་ངང་མི་བླུགས་པ། གློག་སྒྲོན་དམར་པོ་བརྒལ་བ། གང་བྱུང་དུ་འཇོག་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བར་དུས་ཡུན་སྐར་མ་45ལས་མི་ཉུང་བའི་ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆད་གཅོད་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད“སྐད་འཕྲིན་སྤྱི་རྟགས་གཉིས་དང་འཁྱུག་དབྱིངས་གཅིག”ནས་དམར་འདོན་བྱ་རྒྱུ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ཀྱིས་རྒྱ་ཆེའི་རྒྱ་ལམ་འགྲུལ་པ་ཚོར་བདེ་འཇགས་ཨང་དང་པོར་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྟེས་དབང་གི་སེམས་ཁམས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ། བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བཅས་བྱས་ནས་བདེ་འཇགས་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུར་སྐུལ་ཁྲིད་བྱས་ཡོད། བྱེད་སྒོའི་ནང་ཁྱོན་ཉེན་རྟོག་པ་43དང་ཉེན་རྟོག་རླངས་འཁོར་18བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་35ཞིབ་བཤེར་ཐག་གཅོད་བྱས་པ་རེད།