འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་དང་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་མ་དངུལ་བསྡུ་སྒྲིལ་ཁྱབ་ཁོངས་ཀྱི་2024ལོའི་ལས་ཀའི་གཙོ་གནད》སྣེ་ཁྲིད་ཀྱིས་བཟོས་པ་དང་། མ་དངུལ་བསྡུ་སྒྲིལ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཁག་34བཟོས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ལྗོངས་ཡོངས་ཀྱི་མ་དངུལ་བསྡུ་སྒྲིལ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ནང་ཁྱོན་ཚན་པ་16ཞུགས་ཤིང་། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ཁྲིམས་མཐུན་ཁེ་དབང་གི་སྟོན་གྲངས་མཐོ་རུ་གཏོང་བ་དང་། ཡིད་རྟོན་ཆ་འཕྲིན་ཟབ་ཏུ་གཏོང་བ། ཡིད་རྟོན་འཕར་བའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྟབས་བདེ་ཚད་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ལས་ཀའི་དམིགས་ཚད་བཟོས་པ་དང་། གནད་སྨིན་ནུས་ཆེ་དང་ལག་བསྟར་ལེགས་པའི་དངུལ་ལོར་སྲིད་ཇུས་དང་། དངུལ་རྩའི་ཞབས་ཞུའི“དོན་ཆེན་བཞིའི”ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ། ས་ཁང་བདག་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ལེའུ་ཆེན་པོ་ལྔ”ལེགས་སུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཟོས་ནས། དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མ་དངུལ་བསྡུ་སྒྲིལ་ཁྱབ་ཁོངས་ཀྱི་ཕན་ཡོད་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཡོད།