དྲི་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་འཁོད་པའི“ཆད་པ་ལྕི་པོ་འགེལ་བ”ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
དྲིས་ལན། ཆད་པ་ལྕི་པོ་འགེལ་བ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་གཅོད་ཚད་ལས་རིམ་པ་གཅིག་གིས་ལྕི་རུ་བཏང་ནས་ཆད་པ་གཅོད་པར་ཟེར།
《སྲོལ་ཡིག》གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བྱེད་སྤྱོད་ནང་གཏན་འབེབས་བྱས་དོན།
དོན་ཚན་ང་གཅིག་པ། དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན། ཚགས་པར། དུས་དེབ། འགྲེམ་ཡིག དཔེ་དེབ་སོགས་དང་། ཡང་ན་འཆད་ཁྲིད་དང་། གླེང་སྟེགས། སྙན་ཞུའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ལ་སྤྱོད་པའི་བྱེད་ཐབས་ལ་བརྟེན་ནས་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཅིང་། ཉེས་ཚབས་ཆུང་ཙམ་ལ་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ལ་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)གཞི་རྩའི་རྩ་དོན་བཞིར་རྒྱབ་འགལ་དང་། ཏང་གི་སྒྱུར་བཅོས་སྒོ་དབྱེའི་ཐབས་ཇུས་ལ་རྒྱབ་འགལ་དང་འཁྱོག་བཤད། ཡང་ན་ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པ་བཅས་ཀྱི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་ཡོངས་བསྒྲགས་ཐོག་སྤེལ་བ།
(གཉིས) ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་སྐུར་བ་འདེབས་པ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་ལ་གཏོར་བཤིག་གཏོང་བ།
(གསུམ) ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་དམའ་འབེབས་གཏོང་བ་དང་། ཡང་ན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དཔའ་བོ་དཔེ་བཟང་ཅན་ལ་ངན་སྨྲས་དང་དམའ་འབེབས་བྱེད་པའམ་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། མི་དམངས་དམག་དཔུང་གི་ལོ་རྒྱུས་བཅས་འཁྱོག་བཤད་བྱེད་པ།
གོང་གསལ་ནང་གསེས་དོན་ཚན་དུ་འཁོད་པའི་ནང་དོན་ཁྱབ་བསྒྲགས་དང་། བརྒྱུད་གཏོང་། དེབ་འགོད། དཔེ་སྐྲུན་བཅས་བྱས་པའམ་གོང་གསལ་བྱེད་སྤྱོད་དེ་དག་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་ཡིན་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།
མཇུག་བསྡུའི་གཏམ།
འདི་ལོའི་ཟླ་བཞི་པ་ནས་བཟུང་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་འདི་ག་ཚགས་པར་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གི་དྲི་བ་དྲིས་ལན་གྱི་ལེ་ཚན་བཏོད་དེ《སྲོལ་ཡིག》གི་ནང་དོན་གཙོ་བོར་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་གོ་བདེ་རྟོགས་སླ་དང་ཚིག་ཉུང་དོན་དྲིལ་གྱི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད།
《སྲོལ་ཡིག》སློབ་སྦྱོང་བྱས་པ་བརྒྱུད《སྲོལ་ཡིག》ལ་ངོས་འཛིན་དང་གོ་བ་ལེན་ཚད་གཏིང་ཟབ་ཏུ་ཕྱིན་པ་དང་སྒྲིག་ཁྲིམས་བླང་བྱ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་གི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ཡོད།
《སྲོལ་ཡིག》སློབ་སྦྱོང་བྱས་པ་བརྒྱུད་སློབ་སྦྱོང་ཡག་པོ་དང་། གཏིང་ཟབ། ཁ་གསལ་གཏིང་གསལ་བཅས་བྱེད་པ་དང་། གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། ཏན་ཏིག་སྒྲུབ་པ་བཅས་བྱེད་པ། ཇི་མ་ཇི་བཞིན་སྦྱོང་བ་དང་དོན་ཚན་རེ་རེ་བཞིན་སྦྱོང་བ། སློབ་སྦྱོང་གཏིང་ཟབ་དང་། ལྟ་བསྡུར་ཡང་ཡང་། བྱང་ཆུབ་པའི་ངང་ཁོང་དུ་ཆུད་པ། བཀོལ་སྤྱོད་ཡང་དག་བཅས་བྱེད་དགོས། རང་ངོས་ནས་སྦྱོང་འགོ་བརྩམས་ཏེ་རང་ཉིད་ཀྱི་མི་འདང་སར་བསམ་གཞིག་ཟབ་མོ་དང་རང་ངོས་ཀྱི་ཞན་ཆ་གསབ་ནས《སྲོལ་ཡིག》ལ་ལྟ་བསྡུར་བྱས་ཏེ་རང་ངོས་ཀྱི་གཏམ་གླེང་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཆུང་ཙག་དང་དོན་ཆུང་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་མཐོ་པོའི་སྒོ་ནས་རང་ཉིད་ལ་རེ་བ་བཅོལ་བ་དང་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་བྱ་རྒྱུ་མི་བརྗེད་པར་ཡང་དག་པའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་དགོས། ལས་དོན་ཁྲོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་ཟམ་མི་ཆད་པར་ཡར་ཐོན་ཡོང་བ་བྱས་ཏེ་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཚད་ལོན་པའི་ཏང་ཡོན་ཞིག་བྱེད་དགོས། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པས《སྲོལ་ཡིག》བྱང་ཆུབ་པོ་ཡོང་བ་དང་། ཏང་ཡོན་གྱིས《སྲོལ་ཡིག》རྒྱུས་མངའ་ལོན་པ། སྤྱི་ཚོགས་ཡོངས་ཀྱིས《སྲོལ་ཡིག》ཤེས་རྟོགས་ཐུབ་པ་བཅས་བྱས་ཡོད།
ལེ་ཚན་འདི་གནས་སྐབས་འདོན་མཚམས་འཇོག་རྒྱུ་ཡིན། འོན་ཀྱང《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་དེ་ནམ་ཡང་ཚར་དུས་མེད་པ་ཞིག་རེད།