《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月28日

ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་། ཞིབ་འགོད་ཕན་འབྲས་ཆེ་རུ་བཏང་།

􀲓 འདི་ནི་གྲོང་མིས་ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་སྲིད་དོན་ཞབས་ཞུའི་ཡན་ལག་ལྟེ་གནས་སུ་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལས་སྒོ་གཉེར་བཞིན་པ།

􀲕འདི་ནི་གྲོང་མིས་ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་སྲིད་དོན་ཞབས་ཞུའི་ཡན་ལག་ལྟེ་གནས་སུ་ཤེས་ལྡན་པའི་གཞིས་ཆགས་འགྲོ་ལུགས་གཉེར་བཞིན་པ།

འདི་ལོའི་ཟླ་6པར། ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་སྲིད་དོན་ཞབས་ཞུ་གཞུང་ལས་ཁང་གིས“ཞིང་སྒྲོལ་ཀུན་སྒྲུབ་ལ་བརྟེན་ནས་ལས་དོན་ནུས་ཆེའི་ངང་སྒྲུབ་པའི”ཞབས་ཞུའི་ཆེད་དོན་ཐིང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས“ཞིང་སྒྲོལ་ཀུན་སྒྲུབ”ཞབས་ཞུའི་ཆེད་དོན་ཁུལ་ལ་བརྟེན་ནས། པེ་ཅིང་དང་། ཧོ་པེ། ཧྲན་ཤིས་སོགས་ས་ཁུལ་གྱི་ཆུས་དང་རྫོང་15དང་ཞིང(གྲོང)སྒྲོལ་ཀུན་སྒྲུབ་ཀྱི་མཉམ་ལས་གྲོས་མཐུན་བཞག་སྟེ། ཁེ་ལས་ཀྱི་མང་ཚོགས་ཡུལ་གཞན་དུ་ལས་དོན་སྒྲུབ་དུས“ས་ཆ་མང་པོར་བསྐྱོད་དགོས་པ”དང“ཐེངས་མང་བསྐྱོད་དགོས་པའི”དཀའ་གནད་ཐག་གཅོད་བྱས་ཡོད།