《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ཐུག་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ཐུག་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་ལོ་འགོའི་དམིགས་ཚད་ལས་འགན་ལ་ཞིབ་བསྡུར་དང་། ལོ་ཕྱེད་ཀྱི་ལས་དོན་ལ་ཕྱོགས་སྡོམ། མིག་སྔའི་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་དང་། ལྷག་པར་དུ་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ཐུན་མོང་ཐོག་བློ་སེམས་གཅིག་མཐུན་གྱིས་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཐུན་མོང་ཐོག་བསམ་ཇུས་གཅིག་ཧུར་ཐག་འདིང་བ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཐུན་མོང་ཐོག་ངར་ཤུགས་གཅིག་སྒྲིམ་བཅས་བྱས་པས། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། སྤུས་ཚད་དང་ཕན་འབྲས་བརྟན་ཐོག་ལེགས་སུ་ཕྱིན་པ། ཁྲོམ་རའི་སྔོན་དཔག་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོའི་ཐད་ནས་བལྟས་ན། ལྟེ་བའི་དམིགས་ཚད་སླར་ཡང་མཐོ་རུ་ཕྱིན་པ་དང་། ལེགས་ཆའི་དམིགས་ཚད་མུ་མཐུད་མདུན་གྲལ་དུ་སླེབས་པ། རྗེས་ལུས་ཀྱི་དམིགས་ཚད་ལྡོག་འཕར་བྱུང་བ། འགག་རྩའི་དམིགས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད།

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དུས་ཚིགས་གསུམ་པ་ནི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི“དུས་སྐབས་ཡག་ཤོས”དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི“འགག་རྩའི་དུས་སྐབས”ཡིན་ལ། ལྗོངས་ཡོངས་ཀྱིས་དཔལ་འབྱོར་དར་རྒྱས་གཏོང་བ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལོ་དཀྱིལ་འགག་སྒྲོལ་བྱ་སྤྱོད་ཀྱི“མཐའ་མའི་རྒྱལ་ཁ་ལེན་པའི་དུས་སྐབས”ཀྱང་ཡིན། སྲིད་གཞུང་གི་ཚན་ཁག་ཁོངས་མིས་གོ་སྐབས་དམ་འཛིན་དང་། དུས་བསྟུན་མདུན་སྐྱོད། དུས་ཚིགས་གསུམ་པར་དམ་འཛིན་ཡག་པོ། “ལོ་ཧྲིལ་པོར་འཕེལ་རྒྱས་ཐུབ་པའི་བརྩོན་ལེན་བཅས་བྱས་ནས། དེ་བས་ཕུལ་དུ་བྱུང་བའི“རྒྱུགས་འབྲས”ཡག་པོ་ཧུར་ཐག་འབུལ་དགོས། གཅིག་ནས་རྩོད་སྒྲུབ་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་བབ་ལ་རིག་པ་དྭངས་གསལ་གྱི་ངོས་འཛིན། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་བློ་བརྟན་འགྱུར་མེད་ངང་མངོན་འགྱུར། དཔལ་འབྱོར་འཁོར་རྒྱུག་འཕར་ཆག་ཆེན་པོ་སྔོན་འགོག་ཧུར་ཐག་བཅས་བྱས་ཏེ། དཔལ་འབྱོར་བརྟན་ལ་ལེགས་པའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བརྟན་དུ་གཏོང་དགོས། གཉིས་ནས་འཐབ་ཇུས་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཆེ་དང་བྱེ་བྲག་ལ་སྤྱི་འདོམས་ཀྱིས་ནང་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་མྱུར་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། ཀྲུང་དབྱང་གི་གཞི་ཆེའི་སྲིད་ཇུས་ཀྱི་བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། དཔལ་འབྱོར་ཁོར་ཡུག་ལ་ཚོར་སྐྱེན་ཟབ་ཤོས་ཀྱི་གཉེར་སྐྱོང་བྱེད་པོར་ཚད་མཐོའི་དོ་ཁུར་བྱས་ནས་དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་། ཁྱབ་ཁོངས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སྔོན་འགོག་དང་སེལ་བ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་ལ་དུས་ཐོག་ཏུ་ལན་སློག་པ་བཅས་བྱས་ཏེ་གཉེར་སྐྱོང་བྱེད་པོ་བརྟན་པོ་ཡོང་བ་བརྒྱུད་སྔོན་དཔག་དང་། ལས་ཞུགས། དམངས་འཚོ་བཅས་བརྟན་པོ་ཡོང་བར་བྱེད་དགོས། གསུམ་ནས་མ་ལག་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་མཚམས་ཀྱི་གཙོ་གནད་སྟངས་འཛིན། རྣམ་གྲངས་འཛུགས་སྐྲུན་གྱི་མ་འཇོག་ལ་གཞི་ཚུགས་པ། སྔོན་ཚུད་ཞབས་ཞུ་སྔར་བས་འགན་ལེན་གྱིས་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིབ་མཆན་འགོད་པའི་དུས་བཀག་ཉུང་དུ་གཏོང་བ་དང་འགལ་རྐྱེན་གྱི་གནད་དོན་ཐག་གཅོད་བྱེད་དགོས། ཡུལ་སྐོར་བྱེད་མང་བའི་ནམ་དུས་ཀྱི་འཛད་སྤྱོད་ལ་གཞི་ཚུགས་ནས་གསར་དུ་འཕར་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དངུལ་སྒོར་དུང་ཕྱུར་1ཡག་པོ་དང་འདང་ངེས་སྤྱད་དེ་གཙོ་བོ་རིག་གནས་ཡུལ་སྐོར་དང་། ལུས་རྩལ་འགྲན་བསྡུར། འགྲེམས་འཁྲབ་བྱེད་སྒོ། སྤྲོ་གསེང་ལུས་གསོ། འཛད་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་ཁྱབ་ཁོངས་སུ་བཏང་ནས། འཛད་སྤྱོད་ཆེ་རིགས་གསར་པ་སྔར་བས་སྔོག་འདོན་གྱིས་འཛད་སྤྱོད་འཕར་བའི“བར་མཐོངས་གསར་པ”རྒྱ་སྐྱེད་གཏོང་དགོས། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལ་གཞི་ཚུགས་ནས་ཁྲོམ་ར་ཅན་གྱི་ལས་ཞུགས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཁ་གཏད་བོད་སྐྱོར་ཐབས་ལམ་ཡག་པོ་དང་འདང་ངེས་སྤྱད་དེ“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ནགས་བཟོ་སྔོ་འགྱུར་ལ་གཞི་ཚུགས་ནས་འདེབས་འཛུགས་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་དགོས། བཞི་ནས་གསར་གཏོད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཐབས་ཤེས་ཡག་པོ་སྤྱད་དེ《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གཞིགས་པ་དང་། ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་དོན་ཚན་རེ་རེ་བཞིན་ཞིབ་འཇུག་ཞིབ་ཕྲ་དང་རྣམ་གྲངས་རེ་རེ་བཞིན་དབྱེ་ནས་དོན་འཁྱོལ་བྱེད་དགོས། “དོན་གཉེར་གོ་ཆོད”སྒྱུར་བཅོས་ལས་དོན་གྱི་འགག་རྩར་བརྩིས་ནས་གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ། སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས། རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། ལམ་སྲོལ་གསར་པ་འཛུགས་པ། ལས་རྣམ་གསར་པ་སྐྱེད་སྲིང་། སྒུལ་ནུས་གསར་པ་ཤུགས་ཆེར་གཏོང་བ། ལེགས་ཆ་གསར་པ་སྐྱོང་སྤེལ་བཅས་བྱས་ནས་མ་དཔེའི་དཔེ་མཚོན་ཁག་གཅིག་གཏོད་དགོས། ལྔ་ནས་མཐའ་ཚད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ། སྣེ་ཁྲིད་ནས“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་བས་སྐྱོན་ཆ་བཤེར་བ་དང་། ཆད་སྐྱོན་སེལ་བ། ཞན་ཆ་སེལ་བ་བཅས་བྱེད་པར་སྐུལ་ཁྲིད། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གཙང་སེལ་ཧུར་ཐག་བཅས་བྱས་ནས་གནས་ཚུལ་མི་ཐོན་པ་དང་ཟང་ཟིང་མི་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)