《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月26日

རིག་གནས་ཡུལ་སྐོར་བཀྲག་མདངས་འཚེར། གྲོང་གསེབ་དར་རྒྱས་རྣམ་པ་མཛེས།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་རིང་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར“གནམ་ལྕགས་འབར་བ་བུམ་པའི”ལན་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་གཞིར་བཟུང་མདུན་སྐྱོད་དང་། “ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་བ”ཁྲིད་སྟོན་དུ་བྱེད་པ། ཁྱད་དུ་འཕགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་གནམ་གཤིས་སྐྱེ་ཁམས་ཀྱི་ལེགས་ཆར་གཞིགས་པ། ཕ་ཡུལ་དུ་ཡུལ་སྐོར་དང་རིག་གནས་དར་སྤེལ། འགྲན་བསྡུར་གཉེར་བ་བཅས་བྱས་ཏེ། ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་དམངས་ཕྱུག་ལམ་བུར་བསྐྱོད་པས་མང་ཚོགས་ཀྱི་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

Aརིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ།

རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་པ།

ད་ལོའི་ལྔ་གཅིག་ངལ་གསོའི་དུས་ཆེན་རིང་། ཁྱིམ་བདག་གིས་ཕྲུ་གུ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་སྟེ། བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དུ་ལྟ་སྐོར་དུ་འགྲོ་མཁན་མང་པོ་བྱུང་ཡོད།

བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་ནི་ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་གྲོང་རྡལ་དང་བར་ཐག་སྤྱི་ལེ་1.5ཡོད་པའི་བྲག་ཕྱི་གྲོང་ཚོར་གནས་པ་དང་ནུབ་ཉང་ཆུ་གཙང་པོ་དང་སྦྲེལ་ཡོད་པས་ཉང་ཆུའི་ཕོ་བྲང་ཞེས་ཀྱང་བརྗོད་སྲོལ་ཡོད། དེ་གར་མི་རིགས་ཀྱི་རྒྱན་གོས་དང་ཐོན་སྐྱེད་འཚོ་བ་སོགས་དང་འབྲེལ་བ་ཡོད་པའི་རིག་དངོས་2000ལྷག་ཙམ་དང་། ཡིག་འབྲུ་ཁྲི་3000ལྷག་ཙམ་ཡོད་པའི་དཔྱད་ཡིག དེ་བཞིན་པར་རིས་ཁྲི་2ལྷག་ཙམ་སྒྲིག་གཤོམ་བྱས་པ་དེ་དག་ལས་བོད་ཤར་ལྷོའི་མི་རིགས་ཁག་གི་དམིཊ་བསལ་གྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་མངོན་ཡོད་ལ། ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱང་མངོན་ཡོད།

བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གི་ཀོན་ཀྲང་ལིའུ་ཞའོ་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་རྟེན་གཞི་དང་། ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ཉིང་ཁྲི་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ཉིང་ཁྲི་གྲོང་ཁྱེར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ས་གནས་སློབ་ཁྲིད་རྟེན་གཞི་བཅས་ཡིན་པའི་རྟེན་མཛོད་ཁང་གིས་ཁྱད་ལྡན་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པས། བོད་ཤར་ལྷོའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ནས་ཉིང་ཁྲིའི་རིག་གནས་ཤུལ་བཞག་དར་སྤེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྐྱེ་བོ་ཀུན་གྱིས་ཤེས་ཐུབ་པ་བྱུང་ཡོད།

གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་གཟུགས་བརྙན་གཏོད་དགོས་ལ། བླ་སྲོག་གཏོད་པར་ཡང་བྱེད་དགོས།

ཉིང་ཁྲི་གྲོང་ཁུལ་ནས་ཐོན་ཏེ་རླངས་འཁོར་ལ་བསྡད་དེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་ནས་ནུབ་ཏུ་སྤྱི་ལེ་150ལྷག་ཙམ་བསྐྱོད་རྗེས་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོར་སླེབས།

ཐའེ་ཀྲའོ་གྲོང་ཚོ་ནི“ཐང་བོད་གནའ་ལམ”གྱི་ས་ཚིགས་རྙིང་པ་སྟེ་ཐའེ་ཀྲའོ་གནའ་ཤུལ་གནས་ཡུལ་རེད། ལོ་རྒྱུས་ཐོག་དེ་ནི་སྐད་གྲགས་ཆོད་པའི་ཇ་རྟ་གནའ་ལམ་དང་དེ་བཞིན་ཐང་བོད་གནའ་ལམ་གྱི་དབུས་ལམ་དང་ཤར་ལམ་གྱི་འབྲེལ་མཚམས་ཡིན་པས། བོད་རིགས་དང་། རྒྱ་རིགས། ཧུད་རིགས། འཇང་རིགས་སོགས་མི་རིགས་མི་འདྲ་བའི་ཚོང་པ་མང་པོ་འདུས་ནས་འཁྲུག་ཆ་ཤིན་ཏུ་དོད།

ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཤིག་རེད། ཐང་བོད་གནའ་ལམ་དུ་བསྐྱར་དུ་བསྐྱོད་ན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་མྱོང་རོལ་ཐུབ་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་རབ་ཏུ་བཀུག་པ་མ་ཟད། ཐའེ་ཀྲའོ་གྲོང་ཚོའི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་དགེ་སློབ་ཚོས་རྒྱལ་གཅེས་རིང་ལུགས་དང་ལོ་རྒྱུས་རིག་གནས་ཤེས་རྟོགས་བྱེད་པའི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུའང་གྱུར་ཡོད།

མིག་སྔར་མཛེས་ལྗོངས་དང་གྲོང་ཚོ་མཉམ་འདྲེས་དང་། ལོ་རྒྱུས་དང་དེང་རབས་མཉམ་འདྲེས། གནའ་གྲོང་གི་གནའ་ཤུལ་དང་ས་གནས་ཀྱི་དམངས་སྲོལ་ཟུང་འབྲེལ་བཅས་ཐའེ་ཀྲའོ་གྲོང་ཚོའི་ཁྱད་ཆོས་སུ་གྱུར་ནས་གསོན་ཤུགས་གསར་པ་མངོན་བཞིན་མཆིས།

Bམེ་ཏོག་གཞི་རྟེན་དུ་བྱས་ཏེ།

དཔལ་འབྱོར་གྱི་འདབ་བརྒྱ་ལྷུག་པོར་གྲོལ་བར་བྱས་པ།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་དཔྱིད་ཀ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་མཛེས་ལྗོངས་ལྟ་ན་སྡུག་པས་ཡུལ་ལུང་གང་སར་སྐད་གྲགས་ཆོད་དེ་བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་ཡོངས་སུ་གྲགས། ད་ལོ་ཚུན་དུ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་བདེ་བླག་ངང་གཉེར་བ་དང་། ཁམ་བུའི་མེ་ཏོག་དུས་ཆེན་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་ཡུལ་སྐོར་གྱི་འགོ་འཛུགས་ཡིན་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི“དུས་ཆེན་གཉིས་དང་དུས་ཚིགས་གཅིག”གི་ནང་དོན་གཙོ་བོ་ཞིག་ཀྱང་རེད།

ལོ་རེའི་ཟླ་5ཚེས་28ཉིན་ཤིང་པད་མ་སེར་པོ་གཙོ་བོར་བྱེད་པའི་སྨན་གླིང་གི་ཤིང་པད་མ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་བྱེད་སྒོ་དུས་བཀག་ལྟར་གཉེར་ཞིང་། ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་ཤིང་པད་མ་སེར་པོར་བལྟ་བར་ཡོང་ནས་སྨན་གླིང་གི་ཐུན་མོང་མ་ཡིན་པའི་ལྷོ་པ་རིགས་ཀྱི་རིག་གནས་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།

“ད་ལོའི་ཤིང་པད་མ་སེར་པོའི་བོད་སྨན་རིག་གནས་ཡུལ་སྐོར་བྱེད་སྒོ་སྐབས་བཅུ་དྲུག་པའི་རིང་། སྨན་གླིང་གྲོང་ཁྱེར་གྱིས‘ཤིང་པད་མའི་ལྷ་མོ’འདེམས་སྒྲུག་འགྲན་བསྡུར་དང‘ཡར་ཀླུང་གཙང་པོ་བུམ་པའི’ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར། ཁྱད་ལྡན་འགྲེམས་ཚོང་དང་དེ་བཞིན་མཚན་ཁྲོམ་ཞིམ་ཟས། བོད་ཀྱི་གསོ་བ་རིག་པའི་རིག་གནས་རིག་གཞུང་སྤེལ་རེས། མངོན་མིན་རིག་གནས་ཤུལ་བཞག་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ལྟ་སྐོར་ཉམས་ལེན། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། ཕྱི་རོལ་རྐང་ཐང་སོགས་ཀྱི་བྱེད་སྒོ་ཁག་12སྤེལ་ནས་ཡུལ་སྐོར་བ་དང་མང་ཚོགས་ཀྱི‘ཟ་སྡོད་འགྲོ་གསུམ་གྱི་ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད’ཕྱོགས་ཡོངས་ནས་ཉམས་ལེན་ཐུབ་པར་བྱས་ཏེ། སྣ་མང་ཅན་གྱི་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་བསྐངས་ནས་རིག་གནས་ཡུལ་སྐོར་དང་སྤྱི་ཚོགས་དང་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་སྨན་གླིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

ཟླ་བ་གསུམ་པའི་ཁམ་བུའི་མེ་ཏོག་དང་། ཟླ་བ་བཞི་པའི་སྟག་མའི་མེ་ཏོག ཟླ་བ་ལྔ་པའི་ཤིང་པད་མ་སེར་པོ་བཅས་ཚང་མ་རང་བྱུང་ཁམས་ཀྱིས་ཉིང་ཁྲིར་གནང་བའི་ལག་རྟགས་ཡག་ཤོས་ཤིག་རེད། དེ་དག་གིས་གྲོང་གསེབ་ཀྱི་ཡུལ་ལྗོངས་མཛེས་སུ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་ནས་ཉིང་ཁྲིའི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག་ཡོད། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་551.59ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་46.27ཟིན་པ་དེ་2023ལོའི་དུས་མཚུངས་ལས་15.83%དང་12.87%སོ་སོར་འཕར་ཡོད་པ་རེད།

Cའགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ།

“ལུས་རྩལ+”གྱི་ལས་རྣམ་གསར་པ་བཏོད་པ།

ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་སྔ་རྗེས་སུ་མེ་ཏོག་རྫོང་གི“ཡར་ཀླུང་གཙང་པོ་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང“ལོ་གསར་བསུ་བའི་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར། “བདེ་ཐང་མེ་ཏོག”གི་ཡར་ཀླུང་གཙང་པོ་བསྐོར་བའི་རྐང་ཐང་མའི་འགྲན་བསྡུར་སོགས་ལུས་རྩལ་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་དེ་སྔའི་རུ་དཔོན་ཀའོ་ལིན་དང་། རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་དེ་སྔའི་རུ་མི་རུང་ཧའོ། རྒྱལ་ཁབ་རིམ་པའི་ལུས་རྩལ་མཁས་ཅན་དང་རྒྱལ་ཁབ་ཀྱི་མཐོ་རིམ་རྩལ་ཁྲིད་པ་གྲགས་ཅན་ཞུས་གོ་ཁྲུང་དང་ཕན་ཝུའེ་བཅས་གདན་དྲངས་ནས“ཡར་ཀླུང་གཙང་པོ་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང“ལོ་གསར་བསུ་བའི་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ། འགྲན་བསྡུར་གྱི་ཆུ་ཚད་དང་སྐད་གྲགས་ཆོད་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད།

ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། བྲག་གསུམ་མཚོ་5Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཁྱོན་མི་ཐེངས་ཁྲི་25.66ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་8763ཟིན་ནས་14.89%དང་35.2%སོ་སོར་འཕར་ཡོད་པ་རེད།

རྒྱལ་སྤྱིའི་འཕྱོ་གཡེང་ཡོངས་བསྒྲགས་འགྲན་བསྡུར་དང་། རི་བོ་གནམ་ལྕགས་འབར་བའི་ཁུལ་གྱི་མར་སུན་འགྲན་རྒྱུག ཀྲུང་ནེའི་ས་མཐོའི་གྲུ་གཟིངས་འབྲུག་གཟུགས་མའི་མཛའ་གྲོགས་འགྲན་བསྡུར་བཅས་གྲུབ་འབྲས་ཐོབ་པའི་ངང་གཉེར་ཐུབ་པ་དེ་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་ས་ཁོངས་རིག་གནས་མངོན་པའི་སྐར་ཁུང་ཞིག་ཡིན་པ་མ་ཟད། དུས་རབས་གསར་པའི་ཉིང་ཁྲི་འཛུགས་སྐྲུན་བྱེད་པར་གོ་སྐབས་གསར་པ་ཞིག་ཀྱང་སྦྱིན་ཡོད། ཉིང་ཁྲིས་2024ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་འདུ་ཚོགས་ཆེ་མོའི“གནམ་ལྕགས་འབར་བ་བུམ་པའི“ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དང་སྐབས་དང་པོའི་བོད་ཀྱི་བྲག་གསུམ་མཚོའི་རྐང་ཐང་ཆེ་མོའི་སྒར་རྒྱག་འདུ་ཚོགས་ཆེ་མོ་སོགས་སྣ་མང་ཕུན་སུམ་ཚོགས་པའི“རིག་གནས་ལུས་རྩལ་བྱེད་སྒོ+ཡུལ་སྐོར”གྱི་རྣམ་པ་གསར་པ་དང་རྩེད་སྟངས་གསར་པ་བཏོན་ཏེ“འགྲན་བསྡུར་དང་འགྲོགས་ནས་ཡུལ་སྐོར་བྱེད་པ”དང“ཡུལ་སྐོར་དང་འགྲོགས་ནས་འགྲན་བསྡུར་ལ་ཞུགས་པ”སོགས་བྱེད་སྒོའི་འབོད་ཚིག་ཅིག་ནས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་ཡོད།

གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2024ལོར་ཉིང་ཁྲིས་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་གལ་ཆེན་དང་ས་ཁོངས་རང་བཞིན་གྱི་སྤུས་རྟགས་འགྲན་བསྡུར་ཁག་15ཡི་གཉེར་འགན་འཁུར་རྒྱུ་ཡིན་པ་རེད།

“འགྲན་བསྡུར་གཞི་རྟེན”དུ་བྱས་ནས“ལུས་རྩལ་གྱིས་དམངས་ལ་ཕན་པ་འདོགས”ཞེས་པ་དེས་ཉིང་ཁྲི་གྲོང་ཁྱེར་གྱི་ཤུགས་རྐྱེན་ཆེ་རུ་ཕྱིན་པ་མ་ཟད། མཐའ་འཁོར་མང་ཚོགས་ཀྱི་ཐོབ་སྣང་ཡང་ཆེ་རུ་ཏན་ཏིག་ཕྱིན་ཡོད།