《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月26日

“དཔེ་མཛོད་ཁང་གི་མཚན་མོ”ཞེས་པས་ངོ་མཚར་ཆེ་བའི་འགྲུལ་བཞུད་ཀྱི་འགོ་བརྩམས་པ།

མང་ཚོགས་ཀྱི་མཚན་མོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས“དཔེ་མཛོད་ཁང་གི་མཚན་མོ”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་དེའི་རིང་ཤེས་བྱའི་དྲི་བ་དྲིས་ལན་དང་། ལག་ཤེས་ཕྲེང་བ་བཟོ་བ། ཤིང་དུམ་རྩེད་ཆས་སྒྲིག་པ། དཔེ་ཀློག་ལུ་གུ་ལག་བརྒྱུད་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཀློག་པ་པོར་ཐུན་མོང་མ་ཡིན་པའི་དཔེ་མཛོད་ཁང་གི་ཉམས་ལེན་གསར་པ་མྱོང་རོལ་བྱེད་དུ་བཅུག་ཅིང་། འདི་ནི་དཔེ་མཛོད་ཁང་གི་དང་བླངས་པ་དང་ཀློག་པ་པོ་ཆུང་ཆུང་ཚོས་ཤིང་དུམ་རྩེད་ཆས་སྒྲིག་བཞིན་པ།