《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月26日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

ཟླ་7ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཟླ་7ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་བཞིན་པ།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ལིའུ་ཅང་དང་། ཀུང་ཧུའེ་ཚའེ། ཀྲང་ཧུང་པོ། ཤ་ཁེ་ཆིང་བཅས་ཞུགས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ཏེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་རྗེས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱ་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་གྱི་ལག་བསྟར་བྱེད་མཁན་དང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དོན་འཁྱོལ་བྱེད་མཁན། དངོས་སྒྲུབ་བྱེད་མཁན་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། སྲིད་ཁྲིམས་སྒྱུར་བཅོས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་བསམ་བློ་གཅིག་གྱུར་བྱེད་པའི་ཁྲོད་བསམ་བློར་བཅིངས་འགྲོལ་གཏོང་བ་དང་ངོས་འཛིན་ཟབ་ཏུ་གཏོང་བའི་ཁྲོད་ངོས་འཛིན་མཐོ་རུ་གཏོང་བ་མཐའ་འཁྱོངས་བྱེད་པ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་འགུལ་ངང་སྲིད་ཁྲིམས་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ། གནད་དོན་རེ་རེ་བྱས་ནས་ཐག་གཅོད་བྱེད་པ། དོན་དག་རེ་རེ་བྱས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་སྲིད་ཁྲིམས་ལས་དོན་གྱི་ནུས་པ་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དམ་པོར་བཟུང་ནས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ། སྟེས་དབང་གི་བསམ་བློ། སྣང་མེད་ཀྱི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ལས་ཀའི་རྒྱང་ལྟའི་རང་བཞིན་དང་སྔོན་མཐོང་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་དང་ཐོན་མ་ཐག་ནས་ཧུར་ཐག་སེལ་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ཆུ་མ་ཤོར་གོང་ནས་རགས་རྒྱག་པར་ཤུགས་སྣོན་རྒྱག་པ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་དང་། གྲལ་བཤེར་འདུམ་གཅོད། ཐུན་མོང་གྲོས་མོལ་བཅས་ལྷུ་ཚིགས་གསུམ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། དབྱེ་ཞིབ་ཞིབ་གཅོད་དང་། སྔོན་འགོག་བརྟན་གནས། ཐག་གཅོད་འདུམ་འགྲིག་བཅས་ཀྱི་ནུས་པ་གསུམ་ཆེ་རུ་ཧུར་ཐག་གཏོང་བ། སྟོབས་ཤུགས་མང་པོ་མཐུན་སྦྱོར་དང་། ཁག་བགོས་སེལ་ཐབས། འགན་འཁྲི་ལྡོག་བཤེར་བཅས་ཀྱི་ལམ་སྲོལ་གསུམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ནས་སྤེལ་བ་དང་གཞི་རིམ་དུ་བསྒྲུབ་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་སྐྱོང་དང་། རང་སྐྱོང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ། རིག་སྐྱོང་བཅས“སྐྱོང་བ་ལྔ”མཉམ་འདྲེས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་འཛུགས་དགོས། སྤྱི་ཚོགས་དྲང་གཞག་དྲང་བདེན་འགན་ལེན་དང་སྲུང་སྐྱོང་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ཕན་འབྲས་དངོས་བརྩོན་ལེན་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་སྣེ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་བཏང་ནས། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། དུས་ཕྱོད་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་དང་མཐུན་སྦྱོར་གཏིང་ཟབ་བྱས་ནས་དོན་གནད་གལ་ཆེན་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡ་རབས་ཁྲིམས་བསྟར་ནན་པོ་བྱེད་པ་དང་། ཁྲིམས་བསྟར་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲིམས་བསྟར་དབང་ཆའི་འཁོར་སྐྱོད་ལམ་སྲོལ་དང་དོ་དམ་ལྟ་སྐུལ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་ཧུར་ཐག་བྱེད་དགོས། ཁྲིམས་སྲོལ་དྲང་གཞག་མཐའ་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཚོར་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བྱང་ཚད་མཐོ་བའི་སྲིད་ཁྲིམས་ཀྱི་དཔུང་ཧྲག་ཅིག་ཧུར་ཐག་གཏོད་དགོས། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐད་བློ་དཀར་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཟབ་སྦྱོང་མཐིལ་རྟོགས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟབ་སྤེལ། ཉེན་བརྡའི་སློབ་གསོར་སྔར་བས་ཤུགས་སྣོན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་ཁྲག་རྒྱུན་ནང་འདྲེས་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས། སྲིད་ཁྲིམས་ལས་དོན་ཁྲོད་ཀྱི་གཅོང་ནད་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྒྱུ་རྐྱེན་དབྱེ་ཞིབ་དང་། གནད་འགག་བཙལ་འཚོལ། ནད་བསྟུན་སྨན་བཅོས། རིགས་དབྱེ་ཇུས་བསྟར་བཅས་བྱས་ཏེ་བཅོས་སྒྲིག་བྱས་ཕྱིན་ཕན་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱས་ནས་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱེད་པ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ། “སློབ་ཁྲིད་སྦྱོང་འཐབ”བཅས་གཞི་གཅིག་ཅན་གྱི་སློབ་གསོ་གསོ་སྦྱོང་ཧུར་ཐག་བྱས་ཏེ། ཆེད་ལས་སྦྱོང་བརྡར་ཁྲོད་འཇོན་ཐང་འཕེལ་བ་དང་འཇོན་ཐང་ཡག་པོ་ཧུར་ཐག་ཆགས་པ་བྱེད་དགོས། ཉེན་རྟོག་པ་ནན་པོས་སྐྱོང་བ་དང་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་དགའ་ཞེན་བྱེད་པའི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱེད་པ། སྒྲིག་ཁྲིམས་དང་སྤྱོད་ཚུལ་ཐད་བླང་བྱ་ནན་པོ་འདོན་པ། ཆབ་སྲིད་དང་འཚོ་བའི་ཐད་སེམས་ཁུར་གཅེས་སྐྱོང་བྱེད་པ། ལག་ལེན་ཁྲོད་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་སྒྲུག བེད་སྤྱོད་བཅས་བྱེད་པ། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་ལེགས་སྤེལ་ཉེས་འགོག་དང་ལེགས་ཆ་འདོན་སྤེལ་བྱེད་དགོས་པའི་སྐུལ་ལྕག་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ནུས། འཐབ་འཛིང་བྱེད་ནུས་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

(སྒྱུར་ཞུས་པ་བསྟན་བློ་དང་པད་ཆོས)