ཧིན་རྡུ་ཉི་ཞི་ཡའི་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོའི་ཟླ་5པར་ཧིན་རྡུ་ཉི་ཞི་ཡས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་115ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་20.11%འཕར་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་ཧིན་རྡུ་ཉི་ཞི་ཡར་ཡུལ་སྐོར་དུ་ཡོང་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་520ལས་བརྒལ་བ་དེ་དུས་མཚུངས་ལས་23.78%འཕར་ནས་ལོ་4ཡི་རིང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་བཟོས་པའི་དམིགས་ཚད་ནི་འདི་ལོ་ལོ་འཁོར་མོར་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་1700ཟིན་པ་བྱ་རྒྱུ་དེ་རེད།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཚའོ་ཧྲི་ཡུན།