བྱིས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ནད་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་ལུས་སེམས་ཀྱི་གནོད་འཚེ་ཆུང་དུ་གཏོང་ཆེད། ཉེ་ཆར། ཅང་སུའུ་ཡི“སྙིང་སྲུང་འདུ་འགོད”ཚོགས་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་བྱིས་པའི་ལྷན་སྐྱེས་སྙིང་ནད་ལ་རིན་མེད་སྨན་བཅོས་གྲལ་བཤེར་གྱི་བྱེད་སྒོ་སྤེལ་བ་རེད།
↑འདི་ནི་སྨན་པས་ནད་པའི་ནད་གཞིའི་སྐོར་སྐད་ཆ་དྲིས་ནས་ནད་དཔེར་ལྟ་བཞིན་པ།
→ འདི་ནི་སྨན་པས་ནད་པའི་ནང་མིའི་དོགས་གཞིར་ལན་རྒྱག་བཞིན་པ།